མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞོན་ཧྭ་རྫོང་གིས་མ་དངུལ་སྒོར་ཁྲི1500བཏང་ནས་ཚད་གཞི་མཐོ་བའི་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་འཛུགས་སྐྲུན་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-25 11:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མགྱོགས་མྱུར་ངང་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་ཤང་གྲོང་འཕེལ་རྒྱས་གཅིག་གྱུར་ཅན་གྱི་རྣམ་པ་གསར་བ་འཛུགས་པའི་ཆེད་དུ། མཚོ་སྔོན་ཞིང་ཆེན་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གིས་མ་དངུལ་སྒོར་ཁྲི1500བཏང་ནས་ཚད་གཞི་མཐོ་བའི་ར་བ་མཛེས་པ་དང་སྡེ་བ་མཛེས་པ། འཚོ་བ་སྐྱིད་པའི“མཐོ་སྒང་གི་མཛེས་སྡུག་ཤང་སྡེ”12འཛུགས་སྐྲུན་བྱས་ཤིང་། 2020ལོར་སླེབས་དུས་མཐོ་སྒང་གི་མཛེས་སྡུག་ཤང་སྡེ་རྫོང་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱེད་རྒྱུར་བརྩོན་ལེན་བྱེད་རྒྱུ་རེད།

ཞོན་ཧྭ་རྫོང་གིས་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་མཉམ་འཛུགས་བྱེད་པའི་རྨང་གཞིའི་སྟེང་། ཞིང་སྡེའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པ་དམིགས་འབེན་དུ་བཟུང་སྟེ། གཅིག་གྱུར་ངང་སྡོད་ཁང་འཛུགས་སྐྲུན་དང་ཁོར་ཡུག་ལེགས་བཅོས། དབུལ་སྐྱོར་གནས་སྤོར། གཞུང་ལམ་སྲ་བསྒྱུར། སྤྱི་བའི་ཞབས་ཞུ་ཆ་སྡེབ་འཛུགས་སྐྲུན་དང་མི་གྲངས་ཅུང་ཉུང་བའི་མི་རིགས་འཕེལ་རྒྱས་སོགས་ཀྱི་ལས་གཞི་དང་མ་དངུལ་བཀོད་སྒྲིག་བྱས་ཏེ། སྡེ་བའི་རང་བྱུང་དང་སྲོལ་རྒྱུན་གྱི་རྣམ་པ་སྲུང་འཛིན་བྱས་པའི་རྨང་གཞིའི་སྟེང་མང་ཚོགས་གྱི་གཙོ་སྒྲུབ་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས་ཚད་གཞི་མཐོ་བའི་ར་བ་མཛེས་པ་དང་སྡེ་བ་མཛེས་པ། འཚོ་བ་སྐྱིད་པའི“མཐོ་སྒང་གི་མཛེས་སྡུག་ཤང་སྡེ”12འཛུགས་སྐྲུན་བྱས། འཛུགས་སྐྲུན་བྱས་པའི་མཐོ་སྒང་གི་མཛེས་སྡུག་ཤང་སྡེ12དེ་ཁྱིམ་ཚང3195དང་མི14497ལ་ཁྱབ་ཡོད། ཞིང་ཆེན་ནོར་སྲིད་ཀྱིས་སྡེ་བ་རེར་ཁ་གསབ་མ་དངུལ་སྒོར་ཁྲི68བཏང་ནས་བསྡོམས་པས་ལས་གཞིའི་མ་དངུལ་སྒོར་ཁྲི792བཀོད་སྒྲིག་བྱས་ཤིང་། རྫོང་ནོར་སྲིད་ཀྱིས་སྡེ་བ་རེར་ཆ་སྡེབ་མ་དངུལ་སྒོར་ཁྲི50དང་བསྡོམས་པས་ཆེད་སྤྱོད་མ་དངུལ་སྒོར་ཁྲི600བཀོད་སྒྲིག་བྱས་པ་མ་ཟད། མཐོ་སྒང་གི་མཛེས་སྡུག་ཤང་སྡེ12ལ་མཉམ་འཛུགས་ལས་ཁུངས43གཏན་འཁེལ་བྱས་ཏེ་འཛུགས་སྐྲུན་ལ་རོགས་སྐྱོར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག