མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བརྒྱད་པའི་ཁམས་པའི་རིག་གནས་གནས་སྐོར་དུས་ཆེན་དང་ཡུས་ཧྲུའུ་རྟ་རྒྱུག་འགྲན་ཚོགས་དེ་ཚེས25ཉིན་འགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-25 11:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས25ཉིན། སྐབས་བརྒྱད་པའི་ཁམས་པའི་རིག་གནས་གནས་སྐོར་དུས་ཆེན་དང་ཡུས་ཧྲུའུ་རྟ་རྒྱུག་འགྲན་ཚོགས་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་འགོ་བརྩམས།

ཐེངས་འདིའི་དུས་ཆེན་གྱི་བརྗོད་དོན་ནི་མཛེས་སྡུག་གི་ཁམས་པ་དང་རྣམ་པ་གསར་བའི་ཡུས་ཧྲུའུ། ལྗང་མདོག་དྲིན་གཟོ། མཉམ་ལས་འཕེལ་རྒྱས་བཅས་ཡིན་ལ། དུས་ཆེན་ཉིན4རིང་ཚོགས་རྒྱུ་རེད། ཚོགས་ར་གཙོ་བོ་ནི་ཡུས་ཧྲུའུ་ཁུལ་སྐྱེ་རྒུ་གྲོང་རྡལ་བཀྲ་ཤིས་ཁོག་རྟ་རྒྱུག་ར་བ་དང་། ཡན་ལག་ཚོགས་ར་ནི་དཔལ་ཐང་རྩྭ་ཐང་དང་ཁམས་པ་རིག་གནས་སྒྱུ་རྩལ་ལྟེ་གནས། ས་འགུལ་ཤུལ་བཞག་རྗེས་དྲན་ཁང་། ཡུས་ཧྲུའུ་དངོས་མང་བཤམས་སྟོན་ཁང་། གེ་སར་རིག་གནས་ལྟེ་གནས་བཅས་སུ་བཙུགས་ཡོད།

མིག་སྔའི་བར་དུ། དུས་ཆེན་ལ་སྐུ་མགྲོན600ལྷག་གདན་ཞུ་བྱས་ཡོད་པ་དང་གཙོ་བོ་མགྲོན་བསུ་མཛད་སྒོ་དང་འགོ་རྩོམ་མཛད་སྒོ། ཐང་ཆེན་ཞབས་བྲོ། ཡུས་ཧྲུའུ་སྲོལ་རྒྱུན་རྟ་རྒྱུག ཁམས་པའི་ཕོ་རྒོད་དང་མཛེས་མ་དཔྱད་འདེམས་སོགས་ཀྱི་གྲུབ་ཡོད།

རྒྱུས་ལོན་པ་ལྟར་ན། སྐབས་དང་པོའི་ཁམས་པའི་རིག་གནས་དུས་ཆེན་དེ1994ལོར་མཚོ་སྔོན་ཡུས་ཧྲུའུ་དུ་ཚོགས་པ་དང་། ད་ལྟ་ཁམས་པའི་སྒྱུ་རྩལ་དུས་ཆེན་དེ་ཁམས་པ་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་ཕན་ཚུན་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་ཏུ་གྱུར་ཡོད་ལ། དཔལ་འབྱོར་རིག་གནས་བརྗེ་རེས་ལ་སྐུལ་འདེད་དང་མི་རིགས་ཕུལ་བྱུང་རིག་གནས་རྒྱུད་འཛིན། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ། ས་ཁོངས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་སྤེལ་བཅས་བྱེད་པའི་ཐད་ལ་བྱེད་ནུས་གལ་ཆེན་ཐོན་ཡོད་པས། ཀུན་གྱིས་དོ་སྣང་བྱེད་བཞིན་པའི་ས་ཁོངས་རང་བཞིན་གྱི་སྒྱུ་རྩལ་དུས་ཆེན་ཞིག་ཏུ་གྱུར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག