མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

“མཚོ་སྔོན་གྱི་མིག་དཔེ”དང“མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྣ”དཔྱད་འདེམས་བྱ་འགུལ་ལ་གཟེངས་བསྟོད་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-24 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས23ཉིན། ཀྲུང་གོ་བཟོ་སྐྲུན་རྟགས་མའི“མཚོ་སྔོན་མིག་དཔེ་སྟེ་མང་ཚོགས་དང་འབྲེལ་བ་ཟབ་པའི་གཞི་རིམ་གྱི་གུང་ཁྲན་ཏང་ཡོན”དང“མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྣ”དཔྱད་འདེམས་བྱ་འགུལ་དང་གཟེངས་བསྟོད་མཛད་སྒོ་ཟི་ལིང་དུ་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏེ་མ་ཅ་དང་ཧྲིན་ཀྲང་གཞོན་པ་ལིག་ཀྲི་ཆང་སོགས་འགོ་ཁྲིད་ཚོགས་འདུར་ཞུགས་པ་མ་ཟད་བྱ་དགའ་བྱིན།

ཅི་ཏེ་མ་ཅས་གཏམ་བཤད་ཁྲོད་བསྟན་དོན། ཐེངས་འདིའི་དཔྱད་འདེམས་དང་གཟེངས་བསྟོད་བྱ་འགུལ་ནི་ཞིང་ཆེན་ཡོངས་ཀྱི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་གཅིག་བསྡུས་ཀྱི་འགྲེམ་སྟོན་བྱས་པ་ཞིག་ཡིན་ལ། མཚོ་སྔོན་གྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་རབས་གསར་བའི་ནང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་རྩ་འཛུགས་དང་སྣེ་ཁྲིད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གཙོ་གནད་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་བསྟར་བྱས་པའི་ལག་ལེན་ཞིག་ཡིན།

ཐེངས་འདིར“མཚོ་སྔོན་གྱི་མིག་དཔེ་སྟེ་མང་ཚོགས་དང་འབྲེལ་བ་ཟབ་པའི་གཞི་རིམ་གྱི་གུང་ཁྲན་ཏང་ཡོན”དང“མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྣར”འདེམས་པའི་སྔོན་ཐོན་མི་སྣ་དག་ནི་ས་ཁུལ་སོ་སོའི་ལས་ཁུངས་ཀྱིས་འོས་སྦྱོར་བྱས་པའི་རྨང་གཞིའི་སྟེང་། རྩ་འཛུགས་ལྷན་ཚོགས་གཞུང་སྒྲུབ་ཁང་གིས་ནན་ཏན་དང་ཞིབ་ཕྲའི་ངང་ནས་ཞིབ་བཤེར་དང་དཔྱད་འདེམས་བྱས་རྗེས། འདེམས་སྒུག་མི་སྣའི་མིང་ཐོ་སྤྱི་བསྒྲགས་བྱས་ཏེ་མང་ཚོགས་ཀྱིས་ལྟ་སྐུལ་དང་འདེམས་ཤོག་འཕངས་ནས། འདེམས་ཤོག་གི་མཇུག་འབྲས་ལ་རྩ་འཛུགས་ལྷན་ཚོགས་ཀྱིས་ཞིབ་འཇུག་བྱས་རྗེས་འདེམས་པ་ཞིག་ཡིན། མ་ཁུ་ཆིན་དང་དོན་གྲུབ་རྒྱལ། ཆུའུ་ཧུའུ་སོགས་མི10“མཚོ་སྔོན་གྱི་མིག་དཔེ”རུ་འདེམས་པ་དང་། བཀྲ་ཤིས་ཚེ་རིང་དང་ཧྥན་ཡུས་ལུང་། ཉིའུ་ཏི་ཧེ་སོགས་མི9“མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྣར”འདེམས་ཡོད། ཐེངས་འདིའི་གཟེངས་བསྟོད་བྱ་འགུལ་སྤེལ་བ་བརྒྱུད། སྔོན་ཐོན་མི་སྣར་སློབ་སྦྱོང་དང་དྲིལ་སྒྲོག་བྱས་ཏེ། ཞིང་ཆེན་ཡོངས་སུ་སྔར་ལས་ལྷག་པའི་སྒོ་ནས་མིག་དཔེར་གུས་བཀུར་བྱེད་པའི་སྤྱི་ཚོགས་ཀྱི་ཁ་དབུགས་ཞིག་ཆགས་པ་དང་། མཚོ་སྔོན་གྱི་མིའི་གཏམ་རྒྱུད་ལ་བསྟོད་དབྱངས་ཕུལ་ཏེ། མཐོ་སྒང་གི་སྙིང་སྟོབས་ཀྱིས་རབ་མཛེས་མཚོ་སྔོན་ལ་གཟི་བརྗིད་གསར་བ་ཞིག་སྣོན་རྒྱུ་དེ་ཡིན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག