མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་ཡིས་མ་དངུལ་སྒོར་དུང་ཕྱུར1.3བཏང་ནས་མཛེས་སྡུག་གི་གྲོང་རྡལ་གསར་བ་བསྐྲུན་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-24 11:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར30གཏོང་རྒྱུའི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཏེ། ནང་ཆེན་རྫོང་དང་ནུབ་རྒྱུད་ཀྱི“ཤང་དྲུག་དང་གྲོང་རྡལ་གཅིག”གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པའི་སྤྱིའི་ལམ་ཕྱོགས་དང་རེ་བ་བཏོན།

མིག་སྔའི་བར་དུ། 2013ལོར་སྤོ་བསྒྱུར་བྱས་པའི་ལས་གཞི140ཡི་མཐུད་སྐྲུན་ལས་གཞི་ཚང་མ་ཡང་བསྐྱར་ལས་འགོ་ཚུགས་ཡོད་ལ། གསར་དུ་བསྣན་པའི་ལས་གཞི76ལ་དངུལ་གཏོང་གི་འཆར་གཞི་རྗེས་སུ་ལུས་ཡོད་པས་ལས་གཞི་སྐོར་ཞིག་སྔ་རྗེས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས། ཟླ6པའི་ཟླ་མཇུག་བར་དུ། ཚོད་དཔག་ལྟར་ན་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར10.1ལེགས་འགྲུབ་བྱས་ཡོད། ཤར་མདའ་གྲོང་རྡལ་དང་ཡུལ་སྒར་གྲོང་རྡལ་ལ“མཛེས་སྡུག་གྲོང་རྡལ”འཛུགས་སྐྲུན་བྱེད་པའི་མ་དངུལ་སྒོར་དུང་ཕྱུར1.3དངོས་འབེབས་བྱས་ཏེ་། གྲོང་རྡལ་གྱི་ཆུ་འདོན་པ་དང་གྲོང་ཁྱེར་སྲིད་དོན་གཞུང་ལམ། མཛེས་སྒྱུར། བཙོག་ཆུ་ཐག་གཅོད། དྲོད་ལེན། གད་སྙིགས་གཙང་སེལ་དང་ཁོར་ཡུག་འཕྲོད་བསྟེན། ཁོར་ཡུག་བཅོས་སྐྱོང་སོགས་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་ལས་གཞི་རིམ་བཞིན་ལག་བསྟར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག