མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་བྱང་ཚད་ཀྱིས་ཉེན་རྟོག་སྟོབས་ལྡན་དུ་གཏོང་བའི་བརྗེ་རེས་མཉམ་ལས་བྱ་བའི་སྐུལ་སློང་ཚོགས་འདུ་ཟི་ལིང་ནས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-24 11:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་བྱང་ཚད་ཀྱིས་ཉེན་རྟོག་སྟོབས་ལྡན་དུ་བསྒྱུར་བའི་བརྗེ་རེས་མཉམ་ལས་བྱ་བའི་སྐུལ་སློང་ཚོགས་འདུ་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་སྤྱི་བདེ་ལས་ཁུངས་ཀྱི་བྱང་ཚད་ཀྱིས་ཉེན་རྟོག་སྟོབས་ལྡན་བསྒྱུར་བའི་བརྗེ་རེས་མཉམ་ལས་བྱ་བའི་ཉམས་མྱོང་སྤྱི་བསྡོམས་དང་བརྗེ་རེས་བྱས་པ་མ་ཟད། བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་ཞིབ་འཇུག་བཀོད་སྒྲིག་བྱས། སྤྱི་བདེ་པུའུ་ཏང་ཨུའི་ཨུ་ཡོན། ཆབ་སྲིད་པུའུ་ཡི་ཀྲུའུ་རིན་ཞཱ་ཁྲུང་ཡོན་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིག་ཀྲི་ཆང་གིས་ཤིས་ཚིག་ཕུལ།

མཚམས་སྦྱོར་བྱས་པ་ལྟར་ན། ཀྲུང་དབྱང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་ཞིན་ཅང་དང་བོད་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་ཆེད། 2010ལོའི་ཟླ་བཞི་བར། སྤྱི་བདེ་པུའུ་ཡིས་དུས་ཡུན་ལོ་གསུམ་ཡིན་པའི་ཤར་རྒྱུད་དང་ནུབ་རྒྱུད་སྤྱི་བདེ་ལས་ཁུངས་བར་མཉམ་ལས་བྱས་ནས་བྱང་ཚད་ཀྱིས་ཉེན་རྟོག་སྟོབས་ལྡན་དུ་བསྒྱུར་བའི་འགུལ་སྐྱོད་འཆར་གཞི་དངོས་སུ་མགོ་བརྩམས་ཏེ། ཤུགས་ཡོད་པའི་སྒོ་ནས་སྤྱི་བདེ་དཔུང་སྡེའི་བྱང་ཚད་དང་འཐབ་འཛིང་ནུས་པ་སྤྱི་ཁོག་གི་མཐོར་འདེགས་བྱས། 2012ལོའི་ཟླ་དགུ་བར། སྤྱི་བདེ་པུའུ་ཡིས་མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་ཆེད། ཡང་བསྐྱར་བཀོད་སྒྲིག་བྱས་ནས་ཉེན་རྟོག་ཡོངས་ལ་ཁེབས་པའི་སྐོར་ཐེངས་གསར་བའི་བྱང་ཚད་ཀྱིས་ཉེན་རྟོག་སྟོབས་ལྡན་དུ་བསྒྱུར་བའི་བརྗེ་རེས་མཉམ་ལས་སྤེལ། རྒྱལ་ཡོངས་ཀྱི་ཞིང་ཆེན་སོ་སོ་དང་རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་གྱི་སྤྱི་བདེ་ཐིན་དང་ཅུའུ། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་སྤྱི་བདེ་ཅུའུ་བཅས་བརྗེ་རེས་མཉམ་ལས་ཚན་ཆུང་བརྒྱད་དུ་བགོས་ནས། ལས་བྱེད་པ་ཕན་ཚུན་བར་མངགས་ནས་སྦྱོང་བརྡར་བྱེད་པ་དང་སྒོ་ཁར་སོང་ནས་སློབ་གསོ་གཏོང་བ། ཆེད་དོན་གསོ་སྦྱོང་བྱེད་པ། དངོས་ཟོག་རོགས་སྐྱོར་སོགས་ཀྱི་ཐད་ནས་བརྗེ་རེས་མཉམ་ལས་སྤེལ་ཟེར།

ཚོགས་ཐོག་ནས། སྤྱི་བདེ་པུའུ་ཡིས་ཞིན་ཅང་སོགས་ནུབ་རྒྱུད་ས་ཁུལ་གྱི་སློབ་གསོ་དང་ཤེས་ལྡན་མི་སྣའི་སྐྱེད་བསྲིང་བྱ་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བྱེད་ཐབས་བཅུ་བཏོན་པ་དང་། དེའི་ཁྲོད་སློབ་གསོ་སྦྱོང་བརྡར་ཆ་འཕྲིན་ཅན་གྱི་ཆུ་ཚད་མཐོར་འདེགས་བྱེད་པ་དང་། སྦྱོང་བརྡར་མཚོན་ཆ་འདོན་སྤྲོད་བྱེད་པར་འགན་སྲུང་དང་རྒྱབ་སྐྱོར་བྱེད་པ། མི་དམངས་ཉེན་རྟོག་པར་སྦྱོར་བརྡར་བྱེད་པའི་སློབ་དེབ་ཞིབ་འཇུག་གསར་སྤེལ་དང་ཉོ་སྒྲིག་བྱེད་པ། ནུབ་རྒྱུད་ས་ཁུལ་གྱི་སྦྱོང་བརྡར་ཐད་རྒྱབ་སྐྱོར་བྱེད་པའི་གྲོན་དངུལ་ཇེ་མང་དུ་གཏོང་བ་སོགས་འདུ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག