མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ན་གོར་མོས་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞིར་ཐོན་མེད་པའི་མི་གྲངས་སྟོང་གཅིག་དང་དྲུག་ཅུ་རེ་བཞི་འགན་སྲུང་ལས་ཕྱིར་སློག

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-24 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། ན་གོར་མོ་གྲོང་ཁྱེར་གྱིས་ཁྱིམ་ཚང་སོ་སོའི་དཔལ་འབྱོར་གྱི་གནས་ཚུལ་ཡང་དག་ལ་ཞིབ་བཤེར་རྒྱུས་ལོན་བྱེད་པའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ཏེ། ཁྱོན་བསྡོམས་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞིར་མི་མཐུན་པའི་མི་གྲངས་ཆིག་སྟོང་བརྒྱ་མེད་དྲུག་ཅུ་རེ་བཞི་ལྷག་ཞིབ་རྩིས་བྱས་ནས་ཕྱིར་སློག

ཉིས་སྟོང་བཅུ་གཉིས་ལོའི་ཟླ་དགུ་བ་ནས་བཟུང་། ན་གོར་མོས་ཕྱོགས་ཡོངས་ནས་མི་དམངས་ཀྱི་དཔལ་འབྱོར་གནས་ཚུལ་ལ་རྩད་ཞིབ་ཡང་དག་བྱེད་པའི་བྱ་འགུལ་སྤེལ་ནས། དམངས་སྲིད་ལས་ཁུངས་ཀྱིས་ཁྱོན་བསྡོམས་ཁྱིམ་ཚང་ཉིས་བརྒྱ་ཉེར་དགུས་གསར་དུ་སྙན་ཞུ་བརྒྱབ་ཡོད་པའི་མི་གྲངས་དྲུག་བརྒྱ་བཅུ་དྲུག་ལྷག་གི་ཡོང་འབབ་དང་རྒྱུ་ནོར་ལ་ཞིབ་རྩིས་བརྒྱབ་ནས་ཚད་གཞི་དང་མི་མཐུན་པའི་མི་ལྔ་བཅུ་ང་བརྒྱད་ཕྱིར་སློག་པ་དང་། ཁྱིམ་ཚང་དགུ་བརྒྱ་དོན་གསུམ་གྱི་མི་གྲངས་སུམ་སྟོང་སུམ་བརྒྱ་རེ་བཞི་ལ་ཞིབ་བཤེར་ནན་མོ་བྱས་ནས་གནས་ཚུལ་གསང་རྒྱ་བྱས་ཡོད་པའི་ཁྱིམ་ཚང་སུམ་བརྒྱ་དོན་གཉིས་མ་མཐའི་འཚོ་བའི་འགན་སྲུང་ལས་ཕྱིར་སློག ད་དུང་གྲོང་ཁྱེར་ཡོངས་ཀྱི་རྩྭ་སའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་དང་མི་མཐུན་པའི་མི་དྲུག་བརྒྱ་གོ་གཉིས་ཀྱང་མ་མཐའི་འགན་སྲུང་ལས་ཕྱིར་སློག་པས། ལོ་གཅིག་གི་ནང་དུ་མ་མཐའི་འགན་སྲུང་མ་དངུལ་ས་ཡ་གཉིས་དང་འབུམ་བརྒྱད་ལྷག་གྲོན་ཆུང་བྱས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག