མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་ལས་གཞི་མང་པོ་ཞིག་གི་ཐོག་མའི་ཇུས་འགོད་ལ་གྲོས་མཐུན་བྱུང་བ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-23 11:14

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་ཆེད།ཉེ་ལམ་མཚོ་སྔོན་ཞིང་ཆེན་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་ཆེད་མཁས་པ་རྩ་འཛུགས་བྱས་ནས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་བརྟག་དཔྱད་བྱས་ནས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བའི་སྐབས་དང་པོའི་རོལ་དབྱངས་མཛེས་རྩལ་ཁང་དང་།སྣ་འཛོམས་ཐོག་ཁང་།ཚན་རྩལ་ཁང་།ལུས་རྩལ་ཁང་།སློབ་མའི་ཟ་ཁང་།སློབ་གྲྭ་ཆེན་མོ་བའི་ཞབས་ཞུ་ལྟེ་གནས།སློབ་གྲྭ་ཆེན་མོ་བའི་བྱ་འགུལ་ལྟེ་གནས།སྒུལ་ཤུགས་ལྟེ་གནས་དང་ཕྱིའི་སྤྱིའི་རི་མོའི་བཟོ་སྐྲུན་སོགས་ལས་གཞིའི་བཟོ་སྐྲུན་བརྒྱད་ཀྱི་ཐོག་མའི་འཆར་འགོད་ལ་འཐད་པ་བྱུང་།

    ཤེས་གསལ་ལྟར་ན།ལས་གཞི་ཡོངས་ཀྱི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་འབུམ་དགུ་དང་ཁྲི་བཞི་སྟོང་བརྒྱད་ཉིས་བརྒྱ་དང་གསུམ་ཡོད་ལ།ཕལ་ཆེར་འགྲོ་སོང་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གསུམ་གཏོང་རྒྱུ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག