མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་སློབ་ཆེན་ཐོག་མ་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

  ཡོང་ཁུངས། མཚོ་སྔོན་པོ་དྲ་བ།  2014-07-23 11:14

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་སློབ་ཆེན་ཐོག་མ་སྟེ་མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་འཛུགས་སྐྲུན་ལས་གཞི་དེ་ལི་ཏུའུ་རྫོང་ཆི་ལིས་ཏེན་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

    སློབ་གྲྭ་འདི་ནི་ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཆོག་མཆན་ཐོབ་པའི་མཐོ་རིམ་ལས་རིགས་སློབ་གྲྭ་གསུམ་ཁྲོད་གྱི་འཆར་འགོད་འཛུགས་སྐྲུན་བྱས་པའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཅིག་པུ་ཡིན།

    རྒྱུས་ལོན་བྱུང་བ་ལྟར་ན།མཚོ་སྔོན་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་གི་འཛུགས་སྐྲུན་ལས་གཞིའི་རྒྱ་ཁྱོན་ལ་མུའུ་དྲུག་བརྒྱ་ཡོད་པ་དང་།སྤྱིའི་འཛུགས་སྐྲུན་གཞི་ཁྱོན་ལ་མུས་གྲུ་བཞི་མ་འབུམ་གཅིག་དང་ཁྲི་བརྒྱད་སྟོང་དྲུག་ཡོད།སློབ་གླིང་འདི་ནི་མཚོ་ཤར་གྲོང་ཁྱེར་སྲིད་གཞུང་ཐད་གཏོགས་ཀྱི་ཆེད་སྦྱོང་རིམ་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་དཀྱུས་མའི་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན་པ་དང་།མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དངོས་ཡོད་ལ་འབྲེལ་ནས།མཚོ་ཤར་དུ་རྐང་བཙུགས་པའི་འཆར་འགོད་ཀྱི་ཆུ་ཚད་མཐོ་བ་དང་།འཛུགས་སྐྲུན་ཚད་གཞི་མཐོ་བའི་སློབ་གྲྭ་ཞིག་ཡིན།སློབ་གླིང་གི་ཚད་ཐིག་ནི་སློབ་གནས་སློབ་གསོ་གཙོ་བྱས་པའི་སྤྱི་ཚོགས་གསོ་སྦྱོང་ཕལ་བ་དང་།མཐོ་རིམ་དཀྱུས་མའི་ལས་རིགས་སློབ་གསོ་གཙོ་བྱས་ཤིང་དར་མའི་སློབ་གསོ་ཕལ་བར་བཟུང་བའི་ཕྱོགས་བསྡུས་ཅན་གྱི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་ཞིག་ཡིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག