མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་གིས་འབྲོག་པ་མང་ཚོགས་ལ་རྐོ་འདྲུ་འཕྲུལ་འཁོར་གྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྔར་ལས་ལྷག་པའི་སྒོ་ནས་རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་པའི་ལག་རྩལ་དང་ལས་ཞུགས་ནུས་པ་ཇེ་ཆེར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ལས་ཞུགས་ཅུའུ་དང་རྫོང་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་དྲུག་ཆེན་སུམ་མདོ་གྲོང་རྡལ་སྲིད་གཞུང་དང་མཉམ་དུ། གཏིང་ཟབ་སྒོས་སྡེ་བ་དང་ཧྲེ་ལ་སོང་ནས་བརྟག་དཔྱད་བྱས་པ་དང་། མང་ཚོགས་ལ་རྐོ་འདྲུ་འཕྲུལ་འཁོར་བསྐོར་འདོད་ཀྱི་འདུན་པ་ཆེན་པོ་ཡོད་པའི་བསམ་ཚུལ་ཤེས་རྗེས། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་དྲུག་ཆེན་སུམ་མདོ་གྲོང་རྡལ་ནས་སྐབས་དང་པོའི་རྐོ་འདྲུ་འཕྲུལ་འཁོར་ཁ་ལོ་བའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས། བསྡོམས་པས་སློབ་མ་སུམ་ཅུ་གསོ་སྦྱོང་ལ་ཞུགས།

གསོ་སྦྱོང་གི་ནང་དོན་ནི་རྐོ་འདྲུ་འཕྲུལ་འཁོར་གྱི་གཞི་རྩའི་རྩ་བའི་རིགས་པ་དང་རྨང་གཞིའི་ཤེས་བྱ། བདེ་འཇགས་ངང་བཀོལ་སྤྱོད་བྱེད་ལུགས། དུས་རྒྱུན་སྲུང་སྐྱོབ་བདག་གཅེས་བྱེད་པ་དང་རྩ་བའི་བཀོལ་སྤྱོད་བྱེད་རྒྱུ་གཙོ་བོར་བཟུང་ཡོད། གསོ་སྦྱོང་དུས་ཡུན་ཉིན་ཉི་ཤུ་ཡིན་ལ། གསོ་སྦྱོང་གི་འགྲོ་སོང་རྫོང་ལས་ཞུགས་ཅུའུ་ཡིས་འགན་ལེན་བྱས་པ་རེད། རྫོང་ལས་ཞུགས་ཅུའུ་ཡིས་གསོ་སྦྱོང་གི་གོ་རིམ་ལ་ཁྱོན་ཡོངས་ནས་ལྟ་སྐུལ་བྱས་ཏེ། གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོས་ངེས་པ་དོན་གྱིས་སློབ་སྦྱོང་བཟང་པོ་བྱེད་པ་དང་། རྐོ་འདྲུ་འཕྲུལ་འཁོར་བསྐོར་བའི་ལག་རྩལ་དང་ནུས་པ་ཇེ་མཐོར་བཏང་ནས་ལས་ཀར་ཞུགས་སྟེ་ཡོང་འབབ་ཇེ་མཐོར་འགྲོ་རྒྱུར་ཁག་ཐེག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག