མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་ཧོ་རྫོང་བོད་ཀྱི་ན་གཞོན་དབྱུག་རྩེད་སྤོ་ལོ་རུ་ཁག་རྒྱལ་ཡོངས་ཀྱི་འགྲན་སྡུར་ཁྲོད་ཞུགས།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 11:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅོ་ལྔ་ནས་ཚེས་ཉེར་གཉིས་ཉིན་བར། གུང་ཧོ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་དང་པོའི་དབྱུག་རྩེད་སྤོ་ལོ་རུ་ཁག་ཀོང་ཀྲིག་ཀྲོང་ཧྲན་ནས་བསྡུས་པའི་ཉིས་སྟོང་བཅུ་བཞི་ལོའི་རྒྱལ་ཡོངས་ན་གཞོན་དབྱུག་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་སྡུར་ཁྲོད་ཞུགས།

སྐབས་འདིའི་རྒྱལ་ཡོངས་ཀྱི་ན་གཞོན་དབྱུག་རྩེད་སྤོ་ལོའི་འགྲན་སྡུར་ཁྲོད་ས་གནས་སོ་སོ་ནས་ཐོན་པའི་རུ་ཁག་ཉི་ཤུ་རྩ་གསུམ་ཞུགས་ཡོད་ལ། དེ་དག་གི་ཁྲོད་དུ་གུང་ཧོ་མི་རིགས་བཅའ་སྡོད་སློབ་ཆུང་དང་པོའི་འགྲན་སྡུར་རུ་ཁག་ནི་བོད་ཀྱི་ན་གཞོན་ཁོ་ནས་གྲུབ་པའི་རུ་ཁག་གཅིག་པུ་དརེད།

ཤེས་གསལ་ལྟར་ན། འགྲན་སྡུར་རུ་ཁག་འདི་ནི་ཧན་གོ་པ་ཐིན་ཁྲང་ཅི་ཡིས་བཙུགས་པ་ཞིག་ཡིན་ལ། ཐིན་ཁྲང་ཅི་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་མཐར་ཕྱིན་རྗེས། ཉིས་སྟོང་དྲུག་གི་ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཐོ་རིམ་མི་རིགས་སློབ་འབྲིང་དང་པོ་ནས་མཐོ་འབྲིང་གི་དབྱུག་རྩེད་སྤོ་ལོ་རུ་ཁག་ཅིག་རྩ་འཛུགས་བྱས་པ་དང་། ཉིས་སྟོང་བཅུ་གཅིག་ལོར་གུང་ཧོ་རྫོང་ནས་ན་གཞོན་དབྱུག་རྩེད་སྤོ་ལོ་རུ་ཁག་འདི་བཙུགས་པ་རེད། དེང་སྐབས་ཐིན་ཁྲང་ཅི་དང་ཁོང་གི་དབྱུག་རྩེད་སྤོ་ལོ་རུ་ཁག་གཉིས་པོ་འགྲན་སྡུར་ཆེ་མ་ཆུང་གསུམ་གང་མང་ལ་ཞུགས་ནས། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་རྒྱས་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག