མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚོགས་འདུ་ཐེངས་གཉིས་པ་བསྡུས།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-23 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་ཚོགས་འདུ་ཐེངས་གཉིས་པ་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷང་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧུང་། དྲུག་ཡིག་ཆེན་མོ་ཚེ་ཏི་ཀོས་བཅས་དང་ཨུ་ཡོན་ཞེ་ལྔ་གྲོས་ཚོགས་སུ་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། ཚའོ་ཝུན་ཧུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་མ་ཧྲོན་ཆིན་གྱིས་མཚོ་སྔོན་ཞིང་ཆེན་གྱི2014ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་གྱི་ཐིན་ཀྲང་ཏང་མེན་ཏི་ཡིས་མཚོ་སྔོན་ཞིང་ཆེན་གྱི2013ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་ཕུལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཡན་པའོ་ལེང་གིས་མཚོ་སྔོན་ཞིང་ཆེན་གྱི2013ལོའི་ཞིང་ཆེན་རིམ་པའི་ནོར་སྲིད་ངེས་རྩིས་འཆར་ཟིན་གྱི་ཞིབ་བཤེར་སྙན་ཞུ་ཕུལ། ཞིང་ཆེན་བསྡོམས་རྩིས་ཐིན་གྱི་ཐིན་ཀྲང་ཝང་ཅི་ཆིན་གྱིས་མཚོ་སྔོན་ཞིང་ཆེན་གྱི2013ལོའི་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཀྱི་འགྲོ་སྒོ་དང་ཡོང་སྒོ་གཞན་དག་གི་ཞིབ་བཤེར་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་གཞོན་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་ཀྲིག་ཞིན་ཧོས་ཀྱིས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱིས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་སྲོལ་ཡིག་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་ཐིན་ཀྲང་ཡང་རུའུ་ཁུན་གྱིས་ཟི་ལིང་གྲོང་ཁྱེར་གནད་སར་བཟུང་ནས་ཤར་ཕྱོགས་གྲོང་ཁྱེར་ཚོགས་ཀྱི་མཁའ་འབུགས་བཙོག་བཟོ་བཅོས་སྐྱོང་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི2012ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་ཐད་ཀྱི་འགྲོ་སྒོ་དང་ཡོང་སྒོ་གཞན་དག་ལ་ཞིབ་བཤེར་བྱས་ནས་རྩད་ཆོད་པའི་གནད་དོན་དག་བཅོས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་དཔར་ནས་བཀྲམས།

ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་དང་། མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་ཁུར་པ། མཚོ་སྔོན་ན་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཞིང་ཆེན་དམངས་ཆེན་གྱི་འཐུས་མི་སོགས་གྲོས་ཚོགས་སུ་ཟུར་དུ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག