མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོའི་ལོ་སྟོད་ལ་མཚོ་སྔོན་གྱི་ཁུལ་དྲུག་གིས་ལས་ཞུགས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-23 10:59

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྟོད་ལ། མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་གིས་རང་འགུལ་གྱིས་ཁ་གཏད་རོགས་འཛུགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ལ་མཐུན་སྦྱོར་བྱས་ཏེ། ཕྱོགས་ཡོངས་ནས་གསོ་སྦྱོང་ལས་ཞུགས་མཉམ་ལས་སྤེལ་ཏེ། ལས་ཞུགས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བ་སྣ་ཚོགས་ལ་བདེ་བླག་ངང་སྤེལ་བཞིན་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་སྔོན་གྱི་ཁུལ་དྲུག་གི་ཁ་གཏད་རོགས་འཛུགས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་བྱ་བར་ལས་ཞུགས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་ཇེ་མང་དུ་སོང་བ་དང་གསོ་སྦྱོང་དངོས་སྦྱོང་གི་ལས་གཞི་ཇེ་མང་དུ་སོང་བ། ལས་ཞུགས་ཆ་འཕྲིན་ཞབས་ཞུ་སྟེགས་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་བཅས་ཀྱི་རྣམ་པ་གསར་བ་མངོན་ཡོད། དེའི་ནང་ཀྲེ་ཅང་ཞིང་ཆེན་གྱིས་ཁ་གཏད་རོགས་སྐྱོར་བྱེད་པའི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ལ་ལས་ཞུགས་དང་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་ཁྲི350དངོས་འབེབས་བྱས་པ་དང་དེ་ན་ནིང་ལས་སྒོར་ཁྲི190ཇེ་མང་ལ་སོང་ཡོད། ཧྲང་ཧེས་ཁ་གཏད་རོགས་སྐྱོར་བྱེད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཞུགས་ཆ་འཕྲིན་སྟེགས་བུའི་ལས་གཞི་ལ་ཁུལ་རིམ་པ་དང་རྫོང་དྲུག་གི་ལས་ཞུགས་ཆ་འཕྲིན་ཞབས་ཞུ་མ་ལག་འཛུགས་པ་དང་། ལས་ཞུགས་ཆ་འཕྲིན་ཕྱོགས་བསྡུས་ཁྱབ་སྒྲོག གདན་ཞུ་བྱ་འགུལ་རྩ་འཛུགས་སོགས་ཀྱི་ནང་དོན་གཏན་འཁེལ་བྱས་ལ། ད་ལྟ་ལས་གཞི་དམིགས་འགུགས་དང་ལས་གཞིའི་དུས་སྐབས་སྔོན་མའི་འགྲོ་གྲོན་མ་དངུལ་སྟེར་བ་སོགས་ཀྱི་བྱ་བའི་ལས་འགན་ལེགས་འགྲུབ་བྱས་ཡོད།

དུས་མཚུངས་སུ་། མཚོ་ལྷོ་ཁུལ་གྱིས་མཐོ་རིམ་སློབ་ཆེན་མཐར་ཕྱིན་སློབ་མ154དང་། སློབ་ཆེན་སློབ་མའི“སྡེ་དཔོན”42དང“རོགས་སྐྱོར་གསུམ་དང་གཟིགས་སྐྱོང་གཅིག”གི་གཞི་རིམ་ཞབས་ཞུ་མི་སྣ་གདན་ཞུ་བྱས་ཏེ་ཅང་སུའུ་ཞིང་ཆེན་དུ་ནུས་པ་མཐོར་འདེགས་གསོ་སྦྱོང་བྱས། རྨ་ལྷོ་ཁུལ་གྱིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་མ་ལག་གི་ལས་བྱེད་མི་སྣ40ལྷག་རྩ་འཛུགས་བྱས་ཏེ་ཐེན་ཅིན་ནས་ལས་དོན་ནུས་པ་མཐོར་འདེགས་གསོ་སྦྱོང་བྱས། ཡུས་ཧྲུའུ་ཁུལ་གྱིས་ལས་བྱེད་མི་སྣ153རྩ་འཛུགས་བྱས་ཏེ་པེ་ཅིན་གྲོང་ཁྱེར་དུ་ཁ་གཏད་གསོ་སྦྱོང་ཐེངས4ལ་བྱས་པ་དང་། མཚོ་བྱང་ཁུལ་གྱིས་ལས་ཞུགས་མ་ཐུབ་པའི་མཐོ་རིམ་མཐར་ཕྱིན་སློབ་མ100དང་ལས་སྐྲུན་ལེགས་འགྲུབ་མི་སྣ30འདེམས་ནས་ཧྲན་ཏུང་ཞིང་ཆེན་དུ་སོ་སོར་ནུས་པ་མཐོར་འདེགས་གསོ་སྦྱོང་དངIYBགསོ་སྦྱོང་བྱས། མཚོ་ནུབ་ཁུལ་གྱིས་ལས་དོན་ལས་ཁུངས་ལ་མི་སྣ་གདན་ཞུ་མ་བྱས་སྔོན་གྱི་གསོ་སྦྱོང་དང་དམའ་འབྲིང་དང་མཐོ་འབྲིང་གི་སློབ་མར་ནུས་རྩལ་གསོ་སྦྱོང་སོགས་གསོ་སྦྱོང་ལས་གཞི7ལེགས་འགྲུབ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག