མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུའི་ཧྲི་མིན་འཁོར་དང་བཅས་པས་གུང་ཧི་རྫོང་གི་དབང་བོ་སྐྱོན་ཅན་མི་སྣའི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-23 10:55

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས21ཉིན། ཀྲུང་གོ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལུའི་ཧྲི་མིན་འཁོར་དང་བཅས་པས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧི་རྫོང་གི་རྨང་གཞི་དོ་དམ་འཛུགས་སྐྲུན་ལོའི་བྱ་བར་རྟོག་ཞིབ་བྱས།

    རྟོག་ཞིབ་ཚོགས་པ་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་པ་ཞའོ་ཅན་ཅིན་དང་མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཝང་ཕིན། གུང་ཧི་རྫོང་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་མི་སྣས་འགྲོ་རོགས་འོག རིག་སྨོན་གྲོང་རྡལ་རྒྱ་ཡེ་སྡེ་བའི་དབུལ་ཕོངས་དབང་བོ་སྐྱོན་ཅན་ཁྱིམ་ཚང་ཞིག་ལ་འཚམ་འདྲི་བྱས་པ་མ་ཟད། གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཞིབ་ཕྲས་རྒྱུས་ལོན་བྱས་ཏེ། དབང་བོ་སྐྱོན་ཅན་མི་སྣས་གཟིགས་སྐྱོང་སྲིད་ཇུས་ལ་བཏོན་པའི་བསམ་འཆར་བསྡུ་ལེན་བྱས། ཀྲུའུ་ཞི་གཞོན་པ་ལུའི་ཧྲི་མིན་གྱིས་ཁུལ་དང་རྫོང་གི་དབང་བོ་སྐྱོན་ཅན་ལས་བྱེད་མི་སྣ་དང་ཅང་ཤེས་ཁུག་ཤང་གི་ཆེད་གཉེར་ཨུ་ཡོན་ལ་དབང་བོ་སྐྱོན་ཅན་བྱ་བ་སྤེལ་བའི་གནས་ཚུལ་དང་། དབང་བོ་སྐྱོན་ཅན་མི་སྣའི་ཐོན་སྐྱེད་འཚོ་བ་དང་ནད་གསོ། དབང་བོ་སྐྱོན་ཅན་མི་སྣས་རྒྱལ་ཁབ་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱས་པའི་གནས་ཚུལ་སོགས་ཀྱི་སྐོར་ལ་རྒྱུས་ལོན་བྱས་པ་མ་ཟད་ཡིག་ཆ་ལྟ་ཀློག་བྱས་ཏེ་ཆེད་གཉེར་ཨུ་ཡོན་ལ་བྱ་བའི་ཁྲོད་འཕྲད་པའི་དཀའ་ངལ་དང་བསམ་འཆར་གང་དག་ཡོད་པ་འདྲི་རྟོག་བྱས། དེར་མ་ཟད་མཚོ་ལྷོ་ཁུལ་དང་གུང་ཧི་རྫོང་གི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་གཞི་རིམ་འཛུགས་སྐྲུན་བྱ་བ་དང་དབུལ་ཕོངས་དབང་བོ་སྐྱོན་ཅན་མི་སྣའི་གཞི་རྩའི་གནས་ཚུལ་དང་དགོས་མཁོ། སྤྱི་ཚོགས་འཚོ་བར་ཞུགས་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པའི་བྱ་བར་གདེངས་འཇོག་གང་ལེགས་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག