མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ད་ལོའི་ལོ་སྟོད་ཀྱི་དངུལ་རྩའི་གནས་བབ་དབྱེ་ཞིབ་ཚོགས་འདུ་ཟི་ལིང་ནས་ཚོགས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ད་ལོའི་ལོ་སྟོད་ཀྱི་དངུལ་རྩའི་གནས་བབ་དབྱེ་ཞིབ་ཚོགས་འདུ་ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན་ཟི་ལིང་ནས་ཚོགས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ཏུ། མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་གིས་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་འཁོར་སྐྱོད་གནས་ཚུལ་དབྱེ་ཞིབ་བྱས་པ་དང་། མཚོ་སྔོན་དངུལ་ཁང་ལྟ་སྐུལ་ཅུའུ་དང་དངུལ་འཛིན་ཅུའུ། དངུལ་རྩའི་ལས་ཁུངས་སོ་སོའི་འགན་ཁུར་མི་སྣ་བཅས་ཀྱིས་མཉམ་དུ་བྱ་བར་སྤྱི་བསྡོམས་བྱས་པ་དང་། གནད་དོན་ཐག་གཅོད། བྱ་བའི་ཐབས་ཇུས་བཏོན། ཞིང་ཆེན་དངུལ་རྩ་གཞུང་སྒྲུབ་ཁང་གིས་བྱ་བར་དཔྱད་འཇོག་བྱས།

ཝང་ཞའོ་ཡིས་ཕྱོགས་ལྔའི་ཐད་ནས་ལོ་སྟོད་ཀྱི་དངུལ་རྩའི་བྱ་བའི་ཐད་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། དེ་དང་མཉམ་དུ་བྱ་བའི་ཁྲོད་གནས་བའི་ཡིད་རྟོན་དངུལ་བུན་སྟེར་བའི་གྲུབ་ཚུལ་ལ་སྔར་ལས་ལེགས་སྒྲིག་དང་དངུལ་རྩའི་ཞབས་ཞུ་ཉམས་ཞན་ཡིན་པའི་ཁྱབ་ཁོངས་ཀྱི་བྱ་བའི་དགོས་མཁོ་ལ་ཤུགས་སྣོན་པ། དངུལ་རྩའི་ལས་ཁུངས་ཀྱི་བྱ་བའི་འཕེལ་རིམ་དང་རྣམ་པ་ད་དུང་ཆ་མི་སྙོམས་པ་དང་དངུལ་བསྲེས་ནུས་པ་མཐོར་འདེགས་བྱེད་དགོས་པ་སོགས་ཀྱི་གནད་དོན་ཕྱིར་འདོན་བྱས། ཁོས་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་འགོ་ཚུགས་ས་གསར་བ་ནས། བྱ་བའི་གྲུབ་འབྲས་གསར་བ་བསྐྲུན་པ་དང་། གནས་བབ་དང་དཀའ་ཁག་ལ་རྒྱུས་ལོན་བྱེད་དགོས་པ་མ་ཟད། དངུལ་ལོར་སྲིད་ཇུས་ཐད་ཀྱི་ཕན་ཡོད་རྒྱུ་རྐྱེན་ལ་ཡང་རྒྱུས་ལོན་ཟབ་མོ་བྱེད་དགོས་པ་དང་། གཅིག དངོས་ཕུང་དཔལ་འབྱོར་གྱི་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་དགོས་པ་དང་། གཉིས། ཉམས་ཞན་ཁྱབ་ཁོངས་ཀྱི་བྱ་བར་ལེགས་བསྒྱུར་བྱེད་དགོས། གསུམ། མུ་མཐུད་དུ་རང་སྟེང་གི་ནུས་པ་དང་ཆུ་ཚད་མཐོར་འདེགས་དང་། དཀའ་ངལ་ཁྱད་སེལ་བྱས་ཏེ། དུས་ཚིགས་གསུམ་པའི་མཇུག་གི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་འབད་བརྩོན་བྱེད་དགོས་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག