མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚན་རྩལ་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཉིས་སྟོང་བཅུ་བཞི་ལོའི་བྱ་བའི་གྲོས་མོལ་ཚོགས་འདུ་བསྡུས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་ཉེར་གཅིག་ཉིན། རྒྱལ་ཁབ་ཚན་རྩལ་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཉིས་སྟོང་བཅུ་བཞི་ལོའི་བྱ་བའི་གྲོས་མོལ་ཚོགས་འདུ་ཟི་ལིང་ནས་བསྡུས་ཤིང་། མ་འོངས་བའི་ལོ་གཉིས་རིང་གི་མཚོ་སྔོན་གྱི་ཚན་རྩལ་གསར་སྐྲུན་སོགས་ལས་སྒོ་ཆེ་གྲས་འགའ་ལ་མཉམ་དུ་ཞིབ་འཇུག་བྱས་ཏེ། མཚོ་སྔོན་གྱི་གསར་སྐྲུན་བྱ་གཞག་ལ་སྒུལ་ཤུགས་གསར་བ་སྟེར་བ་དང་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་འབད་མཐར། མཚོ་སྔོན་གྱི་རྒྱལ་ཁབ་དཔལ་འབྱོར་འཁོར་སྐྱོད་སྔོན་ཐོན་ས་ཁུལ་དང་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་ཁུལ། མི་རིགས་མཐུན་སྒྲིག་ཡར་ཐོན་སྔོན་བསྐྱོད་ཁུལ་བཅས་འཛུགས་རྒྱུར་གཞུང་ལུགས་ཀྱིས་འདེགས་སྐྱོར་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཚན་རྩལ་པུའུ་ཀྲང་བན་ཀང་ཚོགས་འདུར་ཞུགས་ནས་གཏམ་བཤད་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་ཀྱིས་ཚོགས་འདུར་མགོ་འཛིན་མཛད་ནས་གཏམ་བཤད།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་དང་ཚན་རྩལ་པུའུ་ཀྲང་གཞོན་པ་བང་བེ་ཀྲུང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་བཅས་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཉིས་སྟོང་བཅུ་གཅིག་ལོའི་ཟླ་བཅུ་བར་ཚན་རྩལ་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་པུའུ་དང་ཞིང་ཆེན་བྱ་བའི་གྲོས་མོལ་ཡིག་ཆར་མིང་རྟགས་བཀོད་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་བར་སྔར་ལས་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ནས། རྒྱལ་ཁབ་འབྲེལ་ཡོད་ཚན་རྩལ་ལས་ཁུངས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་ལས་གཞི་སུམ་བརྒྱ་ང་བདུན་ལྷག་ལ་རྒྱབ་སྐྱོར་བྱེད་རྩིས་བྱས་པ་དང་། རོགས་སྒྲུབ་མ་དངུལ་སྒོར་དུང་ཕྱུར་བཞི་ཡན་ལ་བསླེབས་པས། དེས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཉི་མ་མེ་གྲོགས་ཀྱི་བྱེད་ནུས་མི་དམན་པ་ཐོན་ཡོད།

བན་ཀང་གིས་གཏམ་བཤད་ཁྲོད་བསྟན་དོན། ཉིས་སྟོང་བཅུ་གཅིག་ལོར། ཚན་རྩལ་པུའུ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཉིས་ཀྱིས་ཉིས་སྟོང་བཅུ་གཅིག་ལོར་བྱ་བའི་གྲོས་མོལ་ལམ་ལུགས་བཏོད་ནས། ས་གནས་ཏང་ཨུ་དང་སྲིད་གཞུང་གི་ལས་སྒོ་ཆེ་གྲས་ཀྱི་བྱ་བར་བཀོད་སྒྲིག་དང་། ས་གནས་ཀྱི་དགོས་མཁོ་རྣལ་མ་དང་རྒྱལ་ཁབ་ཐབས་ཇུས་ཀྱི་གཅིག་སྡུད་གནས་ཡང་དག་པའི་ངང་འཚོལ་བ། ཚན་རྩལ་བྱ་བ་དང་དཔལ་འབྱོར་བྱ་བ་གཉིས་ཀྱིས་ཕན་ཚུན་གསབ་རེས་བྱེད་པ་སོགས་ལ་བྱེད་ནུས་གལ་ཆེན་བཏོན་ནས། མཚོ་སྔོན་གྱི་ཁུལ་གསུམ་ནས་ཚན་རྩལ་སྔར་ལས་ཁྱབ་བརྡལ་དུ་འགྲོ་བར་གཞན་གྱིས་ཚབ་བྱེད་དཀའ་བའི་ནུས་པ་བཏོན་ཡོད་ཟེར།མཚོ་སྔོན་ནི་མཚོ་བོད་མཐོ་སྒང་དུ་གནས་བས། འདིར་ཀྲུང་ཧྭའི་ཆུ་མཛོད་དང་གཙང་བོ་གསུམ་གྱི་འབྱུང་ཁུངས་སུ་བཤད། ཐབས་ཇུས་ཀྱི་གནས་བབ་དང་སྐྱེ་ཁམས་ཀྱི་ས་བབ་སོགས་ཕྱོགས་གང་ཐད་ནས། མཚོ་སྔོན་གྱི་འཕེལ་རྒྱས་ནི་རང་རྒྱལ་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལོ་ཧོས་ཉིན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ནི་མིག་སྔར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བའི་བར་བརྒལ་དུས་རིམ་ན་གནས་ཡོད་པས། ཚན་རྩལ་གསར་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་རྒྱུ་ནི་ལས་དོན་གཞན་ལས་གལ་ཆེན་ཡིན།ཐེངས་གཉིས་པའི་པུའུ་དང་ཞིང་ཆེན་བྱ་བའི་གྲོས་མོལ་ཚོགས་འདུ་བསྡུས་པ་འདིས། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་ཞིག་དང་གསོན་སྟོབས་གསར་བ་ཞིག་བསྐྲུན་ཐུབ་ཟེར། མཚོ་སྔོན་ཕྱོགས་ཀྱིས་ཀྱང་རང་འགུལ་ཧུར་བརྩོན་སྒོས་ལས་དོན་མཐའ་འཁྱོལ་དང་མཚོ་སྔོན་གྱི་ཚན་རྩལ་བྱ་བར་རོགས་འདེགས་བྱེད་པའི་ཐོན་ཁུངས་གང་ཡོད་འཆོར་མེད་དམ་འཛིན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་བྱ་བའི་ཆུ་ཚད་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་འབད་འབུངས་ཧུར་བསྐྱེད་བྱ་དགོས་ཟེར།

མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཧའོ་ཕིན་གྱིས་གཏམ་བཤད་ཁྲོད་བསྟན་དོན། རེབ་ཐེངས་འདིའི་གྲོས་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་ལ་འཕེལ་རྒྱས་ཀྱི་སྡིངས་ཆ་གསར་བ་ཞིག་བསྐྲུན་པའི་མོད་ལ། གོ་སྐབས་གསར་བ་གང་མང་བསྩལ་ཡོད་པས། ང་ཚོས་ངེས་པར་དུ་གོ་སྐབས་བཟང་བོ་འདི་ལ་གཅེས་སྤྲས་དམ་འཛིན་སྒོས།ཐུན་མོང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་རང་རྟོགས་རང་འགུལ་གྱི་འགན་ཁུར་ཇེ་དྲག་ཏུ་གཏོང་བ། ཚན་རྩལ་ལམ་ལུགས་བཅོས་སྒྱུར་དང་གསར་སྐྲུན་ལ་སྔར་ལས་དོ་སྣང་བྱེད་པ། ཁེ་ལས་ལག་རྩལ་གསར་སྐྲུན་གྱི་རང་བདག་ནུས་པར་སྟོབས་སྣོན་པ་སོགས་ལ་འབད་དེ། གུ་ཡངས་མཉམ་ལས་ཀྱི་སྡིངས་ཆ་གསར་བ་ཞིག་འཛུགས་དགོས་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་སྔར་མེད་ཕན་ལྡན་གྱི་ཚན་རྩལ་ནུས་ཁུངས་གསར་བས་འདེགས་སྐྱོར་བྱེད་ཐུབ་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག