མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་པོའི་ཆུ་བསྟུད་མར་ལོ་དགུ་ལ་རྒྱས།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འབྲེལ་ཡོད་ལས་ཁུངས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱས་པ་ལྟར་ན། མཚོ་སྔོན་པོའི་ཆུ་ལོ་དགུའི་ནང་བསྟུད་མར་རྒྱས་ཏེ། མཚོ་སྔོན་པོའི་ཆུའི་ཤོང་ཚད་ལོ་བཞི་བཅུའི་སྔོན་དང་མཉམ་པ་དང་། ཆུ་རྒྱས་ཚད་ཞི་ཧུའུ་མཚེའུ་ལྟ་བུ་དྲུག་དང་འདྲ། མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱེད་རྒྱུར། ཉིས་སྟོང་བཅུ་གསུམ་ལོའི་ཟླ་དགུ་བའི་དུས་ཀྱི་མཚོ་སྔོན་པོའི་རྒྱ་ཁྱོན་དེ་ཉིས་སྟོང་གཅིག་ལོ་དང་ཉིས་སྟོང་བཅུ་གཉིས་ལོའི་ཟླ་དགུ་བའི་རྒྱ་ཁྱོན་དང་བསྡུར་ན། སྤྱི་ལེ་གྲུ་བཞི་མ་བརྒྱ་དང་གཉིས་ལྷག་གིས་ཇེ་ཆེར་སོང་ཡོད་ཟེར།

4.jpg

མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལ་མུ་མཐུད་དུ་སྲུང་སྐྱོབ་གང་ལེགས་བྱེད་ཆེད། ཉིས་སྟོང་དགུ་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་བཞི་ལྷག་བཏང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོ་ཐད་ཀྱི་ལས་གཞི་མང་པོ་ལག་བསྟར་བྱས་ཤིང་། ཉིས་སྟོང་བཅུ་གཉིས་ལོའི་ལོ་མཇུག་བར་དུ་ལས་གཞི་ཡོད་ཚད་ཡོངས་འགྲུབ་བྱས། ལས་གཞི་འདི་དག་ལག་བསྟར་བྱས་པ་བརྒྱུད། མཚོ་སྔོན་པོའི་མཐའ་འཁོར་གྱི་སྔོ་ཁེབས་རྒྱ་ཁྱོན་སྔོན་ཆད་ཀྱི་བརྒྱ་ཆའི་ང་དགུ་ནས་བརྒྱ་ཆའི་རེ་གསུམ་ལྷག་དུ་འཕེལ་ཡོད་ལ། གསར་ཏུ་བཙུགས་པའི་ནགས་ཁུལ་སྤྱི་ཆིང་ཁྲི་དྲུག་ཙམ་གྱིས་ཇེ་མང་དུ་སོང་ཡོད། བྱེ་འགྱུར་གྱི་གནད་དོན་ཡང་ཐག་གཅོད་གང་ལེགས་བྱས་ཡོད།

7.jpg

ཉེ་བའི་ལོ་འདི་འགའི་རིང་ལ་འབད་པ་གང་ལེགས་བྱས་པ་བརྒྱུད། མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱུང་ཡོད་དེ། མཚོ་སྔོན་པོའི་གསེར་ཉའི་གྲངས་འབོར་ཉིས་སྟོང་གཅིག་གི་ལོ་དང་བསྡུར་ན་ལྡབ་བཅུ་གསུམ་ཙམ་འཕར་ཡོད་ཅིང་། དེང་སྐབས་མཚོ་སྔོན་པོའི་གསེར་ཉའི་གྲངས་ཀ་ཏུན་ཁྲི་གསུམ་དང་སྟོང་གསུམ་ལྷག་ལ་བསླེབས་ཡོད། མཚོ་སྔོན་པོའི་མཐའ་འཁོར་གྱི་ཉམས་ཉེན་ཡོད་པའི་སྲོག་ཆགས་རྒོད་ཀྱི་གནས་བབ་ཀྱང་ཇེ་ལེགས་སུ་སོང་ནས་དེང་སྐབས་ཁྱོན་བསྡོམས་དྲུག་བརྒྱ་ལྷག་ལ་བསླེབས་ཡོད་པ་དང་། གཞན་ཡང་རྒྱུན་པར་མཐོང་དཀའ་བའི་སྤྱང་ཀི་དང་བྱ་རིགས་སོགས་ཀྱི་གྲངས་འབོར་ཡང་ཇེ་མང་དུ་སོང་ཡོད། དེང་སྐབས་མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་སྔོ་ཁེབས་ཀྱི་ཚད་ཇེ་མཐོར་སོང་ཡོད་ལ། ས་ཆུ་སྲུང་འཛིན་དང་བྱེ་འགོག་སོགས་ཀྱི་ཐད་ཕན་འབྲས་ཆེན་པོ་བླངས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག