མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཞིབ་འཇུག་རྣམ་གྲངས་བཅུ་བདུན་རྒྱལ་ནང་དང་རྒྱལ་སྤྱིའི་སྔོན་གྲས་སུ་བསླེབས་ཡོད།

རྩོམ་པ་པོ། རྡོ་རྗེ་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:23

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་གྱི་ཚན་རྩལ་གྲུབ་འབྲས་སྒྲོག་སྤེལ་ཚོགས་འདུ་དང་ལས་གཞི་འབྲེལ་མཐུད་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། ཟི་ལིང་གི་འབྲེལ་ཡོད་སློབ་གྲྭ་དང་ལས་ཁུངས་ཀྱིས་བོད་སྨན་ཞིབ་འཇུག་ཐད་འབྲས་བུ་གཡུར་དུ་ཟ་བ་བླངས་ཡོད་ཅིང་། ད་ལོ་བོད་སྨན་ཞིབ་འཇུག་ཕྱོགས་ཀྱི་ལས་གཞི་བཅུ་བདུན་ལེགས་འགྲུབ་བྱུང་ནས་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་པར་མ་ཟད། རྒྱལ་ནང་དང་རྒྱལ་སྤྱིའི་སྔོན་ཐོན་གྱི་ཚད་གཞིར་ཐོན་ཡོད་པ་རེད།

ཟི་ལིང་གྲོང་ཁྱེར་ཚན་རྩལ་གླིང་གི་འབྲེལ་ཡོད་ལས་བྱེད་མི་སྣས་ངོ་སྤྲོད་བྱེད་རྒྱུར། མཚོ་སྔོན་ཞིང་ཆེན་ནི་བོད་སྨན་གྱི་འབྱུང་གནས་གལ་ཆེན་ཡིན་ལ། བོད་སྨན་ཞིབ་འཇུག་གི་ལོ་རྒྱུས་རྒྱུན་རིང་ཞིང་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད། ཉེ་བའི་ལོ་འདི་དག་གི་རིང་ལ། མི་རིགས་རིག་གནས་ཀྱི་ནང་དོན་གལ་ཆེན་དུ་གྱུར་པའི་བོད་སྨན་འདི་ཡང་ཀུན་གྱིས་མཐོང་ཆེན་དང་དགའ་བསུ་བྱེད་ཡུལ་དུ་གྱུར་ཡོད་ཟེར།

དེང་སྐབས། མཚོ་སྔོན་བོད་སྨན་གྱིས་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་ཐབས་བསྒྱུར་ཏེ། དེང་རབས་ཅན་དུ་ཁ་ཕྱོགས་ཀྱིན་ཡོད་པས།དེར་འཕེལ་རྒྱས་ཀྱི་མདུན་ལམ་རྒྱ་ཆེན་པོ་ཡོད་པར་མ་ཟད། ཞིབ་འཇུག་ལྟེ་གནས་མང་པོས་བརྩོན་ལེན་དང་འཕྲོག་རེས་བྱེད་སའི་ཞིབ་འཇུག་བྱེད་ཡུལ་དུ་གྱུར་ཡོད། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན་བསྡུས་པའི་ཚན་རྩལ་གྲུབ་འབྲས་སྒྲོག་སྤེལ་ཚོགས་འདུ་དང་ལས་གཞི་འབྲེལ་མཐུད་ཚོགས་འདུའི་སྟེང་དུ། མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་ཞིང་ཆེན་ཡང་བའི་བཟོ་ལས་ཞིབ་འཇུག་གླིང་། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་ཚེ་སྲོག་དང་ས་གཤིས་ཚན་རྩལ་སློབ་གླིང་སོགས་ཀྱིས་མཉམ་དུ་སྒྲོག་སྤེལ་བྱས་པའི་ཞིབ་འཇུག་གྲུབ་འགྲས་དྲུག་ཅུའི་ཁྲོད་ལས་གཞི་བཅུ་བདུན་རྒྱལ་ནང་མ་ཟད་རྒྱལ་སྤྱིའི་སྔོན་ཐོན་གྱི་ཚད་གཞིར་ཐོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག