མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཉི་ནུས་ཐོན་ལས་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-22 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་བཅུ་བདུན་ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཉི་ནུས་ཐོན་ལས་འཕེལ་རྒྱས་བཞུགས་མོལ་ཚོགས་འདུ་བསྡུས། གྲོས་ཚོགས་ནས་ཉི་ནུས་ཐོན་ལས་ཚན་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་དང་ད་ལོའི་ཉི་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་འཕེལ་རྒྱས་གནས་ཚུལ་ཡར་ཞུ་བྱས་པ་མ་ཟད། འབྲེལ་ཡོད་བྱ་བ་བཀོད་སྒྲིག་དང་ཞིབ་འཇུག་བྱས། ཧྲིན་ཀྲང་གཞོན་པ་མཱ་ཧྲོན་ཆིན་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཤུགས་ཆེན་པོས་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་དགོས་ན། མཚོ་སྔོན་གྱི་ནུས་ཁུངས་གསར་བར་སྣེ་ཁྲིད་དེ། རྒྱུ་ཆ་གསར་བ་སོགས་འཐབ་ཇུས་རང་བཞིན་གྱི་རྣམ་པ་གསར་བའི་ཐོན་ལས་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས་པ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་རང་སྐྱོན་རང་སེལ་དང་། རང་སྐྱོན་ཡོ་བསྲང་བྱེད་པའི་སྙིང་སྟོབས་དར་སྤེལ་བྱས་ནས། ནན་ཏན་སྒོས་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་བསྟར་དངོས་འབེབས་བྱེད་དགོས་པ་དང་། སྟོབས་ཤུགས་ཡོད་རྒུས་ད་ལོའི་ཉི་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱེད་པའི་སྔོན་གྱི་བྱ་བ་སྣ་ཚོགས་ཡར་སྐུལ་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ། རྒྱལ་ཁབ་འཛུགས་སྐྲུན་ཚད་གཞི་གཟབ་ནན་ལྟར། ནན་ཏན་སྒོས་བཟོ་སྐྲུན་འཛུགས་སྐྲུན་བྱ་བ་རྩ་འཛུགས་བཟང་བོ་དང་ལག་བསྟར་བཟང་བོ་བྱས་ནས། རྒྱུ་སྤུས་བཟང་ཞིང་དུས་ལྟར་ད་ལོའི་ཉི་ནུས་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱ་བའི་ལས་འགན་ཡོངས་འགྲུབ་བྱེད་དགོས་ཟེར།

ཚོགས་ཐོག་ནས་ཞིང་ཆེན་ཚན་རིག་ལག་རྩལ་ཐིན་དང་། ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནུས་ཁུངས་ཅུའུ་སོགས་ཀྱིས་སོ་སོར་ཞིང་ཆེན་གློག་ཤུགས་ཀུང་ཟི་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཀུང་ཟི་སོགས་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་ཉི་ནུས་ཐོན་ལས་ཚན་རྩལ་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་བྱེད་པའི་ལས་འགན་ཡི་གེ་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག