མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་སྡེ་ཁག་གིས་གནོད་འགོག་རྒུད་སྐྱོབ་དང་གནོད་ཕྱི་བསྐྱར་འཛུགས་ཀྱི་ཡུལ་དངོས་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-22 10:22

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན་ནས་ཚེས19ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་སྡེ་ཁག་གིས་གནོད་འགོག་རྒུད་སྐྱོབ་དང་གནོད་ཕྱི་བསྐྱར་འཛུགས་ཡུལ་དངོས་ཉམས་མྱོང་བརྗེ་རེས་ཚོགས་འདུ་དེ་ཡུལ་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནས་བསྡུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཚོགས་འདུའི་སྟེང་གྲ་སྒྲིག་གང་ལེགས་བྱས་ཏེ་མཚོ་སྔོན་གྱི་གནོད་འགོག་རྒུད་སྐྱོབ་དང་འཕྲལ་སྒྲུབ་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་པར་ནན་གྱིས་བསྟན།

ཁོང་ཡུང་གིས་བསྟན་དོན། ཡུས་ཧྲུའུ་ས་འགུལ་བྱུང་རྗེས། མགྱོགས་མྱུར་ངང་མྱུར་སྐྱོབ་རོགས་སྐྱོར་བྱེད་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་ཤིག་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་བྱུང་གནོད་སྐྱོན་འཕྲལ་སྒྲུབ་རོགས་སྐྱོར་འཆར་ཟིན་ལག་བསྟར་ཏེ་རྒུད་སྐྱོབ་བྱ་བ་དུས་ལྟར་ཕན་ནུས་ལྡན་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཁག་ཐེག་བྱས་ཡོད་ལ། ས་ཁུལ་སོ་སོས་འཆར་ཟིན་གྱི་ཁ་གཏད་རང་བཞིན་དང་དངོས་བཀོལ་རང་བཞིན། ལག་བསྟར་རང་བཞིན་ཤུགས་བསྣན་ནས་ཕྱོགས་ཡོངས་ལ་ཁྱབ་པའི་རྒུད་སྐྱོབ་འཕྲལ་སྒྲུབ་འཆར་ཟིན་མ་ལག་ཤིག་གྲུབ་ཡོད། དུས་བཅད་ལྟར་ཤུགས་ཆེན་པོས་འཆར་ཟིན་སྦྱོང་བརྡར་ལ་རྩ་འཛུགས་བྱེད་པ་དང་། སྡེ་ཁག་དང་ལས་རིགས། ས་ཁོངས་བཅས་བརྒལ་ཏེ་ཕྱོགས་བསྡུས་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་བསྣན་ནས་མུ་མཐུད་དུ་ཐུན་མོང་སྒོས་གནོད་སྐྱོན་འགོག་པའི་ནུས་པ་ཇེ་མཐོར་བཏང་ཡོད།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཡུས་ཧྲུའུ་ས་འགུལ་སྔོན་ལ་འཛུགས་སྐྲུན་བྱས་པའི་གནོད་འགོག་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང17གྱིས་ས་འགུལ་གནོད་སྐྱོན་བྱུང་རྗེས་བྱེད་ནུས་གལ་ཆེན་བཏོན་ནས་མགྱོགས་མྱུར་སྒོས་རྒུད་སྐྱོབ་དངོས་ཟོག་དབོར་འདྲེན་བྱེད་པར་ཁག་ཐེག་བྱས་ལ། མྱུར་སྐྱོབ་རོགས་སྐྱརོ་བྱེད་པའི་ཐད་ལ་ཕན་ནུས་ཐོན་ཡོད། ས་ཁུལ་སོ་སོས་མགྱོགས་མྱུར་ངང་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ལྷག་པར་དུ་གཙོ་བོ་མཚོ་སྔོན་ལྷོ་རྒྱུད་ས་ཁུལ་གྱི་ཤང་རིམ་པའི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང་འཛུགས་སྐྲུན་བྱེད་ཤུགས་བསྣན་ཏེ། ཞིང་ཆེན་ཡོངས་ལ་ཁྱབ་པའི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་མཛོད་ཁང་དྲ་བ་གྲུབ་ནས་ཕྱོགས་ཡོངས་ནས་མཚོ་སྔོན་གྱི་རྒུད་སྐྱོབ་དངོས་ཟོག་གསོག་ཉར་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།

ཚོགས་འདུ་ལ་ད་རུང་རྒྱལ་ཁབ་གནོད་འགོག་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དང་། དམངས་སྲིད་པུའུ་རྒུད་སྐྱོབ་ཟི་ཡི་འགན་འཁུར་མི་སྣ་དང་ཞི་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་དམངས་སྲིད་ཅུའུ་ཀྲང་སོགས་ཞུགས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག