མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་རྩྭ་ས་སྤྱི་ཆིང་ཁྲི7.63ལ་ཨ་བྲའི་གནོད་འགོག་ལེགས་འགྲུབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-22 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཟླ་འགོའི་བར་དུ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་བསྡོམས་པས་ཨ་བྲའི་གནོད་འགོག་བྱས་པ་སྤྱི་ཆིང་ཁྲི7.63ལ་སླེབས་ཤིང་། ཨ་བྲའི་གནོད་འགོག་གི་ཕན་ནུས་ཐོན་ཚད95%ཡན་ལ་སླེབས་པས། རྩྭ་སའི་ས་ནག་ཐང་གི་རྒྱ་ཁྱོན་ཇེ་ཆུང་དུ་བཏང་ཞིང་། ས་གནས་རྩྭ་སའི་ཐོན་ཁུངས་དང་སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོང་བྱེད་པར་བྱེད་ནུས་ཆེན་པོ་ཐོན་ཡོད།

ད་ལོའི་དཔྱིད་ཚུགས་པ་ནས་བཟུང་། ཐུན་ཏེ་རྫོང་ལ་ཐན་སྐྱོན་སོགས་ནམ་ཟླའི་རྒྱུ་རྐྱེན་དུ་མའི་ཤུགས་རྐྱེན་དང་། ཨ་བྲ་སོགས་ཙི་གུ་རིགས་ཀྱི་ཁ་གྲངས་མངོན་གསལ་དུ་ཇེ་མང་ལ་སོང་བའི་དབང་གིས་ཐད་ཀར་དུ་རྫོང་ཡོངས་ཀྱི་ཕྱུགས་ལས་རྒྱུན་མཐུད་འཕེལ་རྒྱས་དང་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བར་ཤུགས་རྐྱེན་ཐེབས་ཡོད། ཕན་ནུས་ལྡན་པའི་སྒོ་ནས་རྩྭ་སའི་ཨ་བྲའི་གནོད་སྐྱོན་ཇེ་ཆེར་འགྲོ་བ་སྔོན་འགོག་བྱེད་པའི་ཆེད་དུ། ཐུན་ཏེ་རྫོང་གིས་དཔྱིད་དུས་རྩྭ་མྱུག་འབུས་པའི་གོ་སྐབས་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་བཟོ་འགོད་སྐབས་གཉིས་པ་དང་དམིགས་བསལ་རང་བཞིན་གྱི་ལོ་གསུམ་གྱི་དབུལ་སྐྱོར་བརྟན་བརླིང་འཆར་འགོད་ལག་བསྟར་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། མ་དངུལ་སྒོར་ཁྲི1150བཏང་ནས་རྩྭ་ས་སྤྱི་ཆིང་ཁྲི15.33ལ་གནོད་ལྡན་སྐྱེ་དངོས་སྔོན་འགོག་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་མ་ཟད། ས་གཤིས་ཆ་རྐྱེན་དང་ས་ཁོངས་ཁྱད་ཆོས། སྐྱེ་དངོས་ཁྱད་པར་ལ་དམིགས་ནས་སྐྱེ་དངོས་སྔོན་འགོག་དང་སྐྱེ་ཁམས་ཚོད་འཛིན། དངོས་ལུགས་སྔོན་འགོག་སྔོགས་ཀྱི་ཕན་ལྡན་བྱེད་ཐབས་སྣ་མང་སྤྱད་དེ། རྩྭ་སའི་ཨ་བྲའི་གནོད་འགོག་ལས་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག