མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དབྱར་ཚུགས་པ་ནས་བཟུང་གཅིག་སྒྲིལ་རྫོང་གི་གཉན་པོ་གཡུ་རྩེ་མཛེས་ལྗོངས་ཁུལ་གྱི་གནས་སྐོར་བ་མི་གྲངས་ཁྲི3ལས་བརྒལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-22 10:21

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “རབ་མཛེས་མཚོ་སྔོན་དང་ཆེས་མཛེས་མགོ་ལོག”གི་གནས་སྐོར་སྣང་བརྙན་དྲིལ་སྒྲོག་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་སོང་བ་དང་བསྟུན། ད་ལོའི་དབྱར་ཚུགས་པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་རྒྱལ་ཁབ4Aརིམ་པའི་མཛེས་ལྗོངས་ཁུལ་ཏེ་གཉན་པོ་གཡུ་རྩེ་རྒྱལ་ཁབ་ས་གཤིས་སྤྱི་གླིང་གིས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མང་པོ་བཀུགས།

ཟླ7པའི་ཟླ་དཀྱིལ་བར་དུ། མཛེས་ལྗོངས་ཁུལ་དུ་བསྡོམས་པས་གནས་སྐོར་བ་མི་ཐེངས་ཁྲི3.117སླེབས་པ་དང་། གནས་སྐོར་སྤྱིའི་ཡོང་སྒོ་སྒོར་ཁྲི1857.73ལ་སླེབས་ཤིང་། དེའི་ནང་སྒོ་བྱང་གི་ཡོང་སྒོ་སྒོར་ཁྲི96.04དང་ལོ་རྒྱུས་ཀྱི་ཆེས་མཐོ་བསྐྲུན་ཡོད། ཕྱི་རྒྱལ་གྱི་གནས་སྐོར་བ་གཙོ་བོ་ཨ་རི་དང་མ་ལེ་ཞི་ཡ། ཧན་རྒྱལ་ཁབ། འཇར་པན་སོགས་ཡིན་ལ། རྒྱལ་ནང་གི་གནས་སྐོར་བ་ནི་སི་ཁྲོན་དང་པེ་ཅིན། ཅང་སུའུ། ཧྲིན་ཀྲིན། ཀོང་ཀྲོའུ། ཧྲང་ཧེ། ཀན་སུའུ། བོད་ལྗོངས། ཡུན་ནན་བཅས་དང་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་སོ་སོ་སོགས་ཡིན།

གཉན་པོ་གཡུ་རྩེ་མཛེས་ལྗོངས་ཁུལ་གྱི་རིང་ཚད་ལ་སྤྱི་ལེ40དང་དཀྱིལ་ལ་སྤྱི་ལེ25ཡོད་ལ། མཚོ་ངོས་ལས་མཐོ་ཚད་མུས4000ཡན་ཡོད་པའི་གངས་རི་བཅུ་ཕྲག་ལྷག་གིས་གྲུབ་པ་དང་། མཚེའུ་ཆེ་ཆུང360ལྷག་ཡོད། གཉན་པོ་གཡུ་རྩེ་མཛེས་ལྗོངས་ཁུལ་ལ་སྔ་རྗེས་སུ་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་རྒྱལ་ཁབ4Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ། རྒྱལ་ཁབ་ཆུ་བེད་མཛེས་ལྗོངས་ཁུལ་སོགས་ཀྱི་མཚན་སྙན་ཐོབ་ཡོད་པས། མཐོ་སྒང་མྱུལ་དཔྱད་དང་གདོད་མའི་གནས་སྐོར། ཚན་རིག་རྟོག་ཞིབ་བཅས་བྱེད་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག