མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

«མཚོ་སྔོན་ཞིང་ཆེན་གྱི་སྤྱི་དམངས་ཀུན་སྤྱོད་ཚད་ལྡན་ཀློག་དེབ»ཅེས་པ་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 11:00

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གིས་རྩ་འཛུགས་བྱས་ཏེ་རྩོམ་སྒྲིག་བྱས་པའི«མཚོ་སྔོན་ཞིང་ཆེན་གྱི་སྤྱི་དམངས་ཀུན་སྤྱོད་ཚད་ལྡན་ཀློག་དེབ»ཅེས་པ་མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས། དཔེ་དེབ་འདི་ནི་ཉིས་སྟོང་བཅུ་གཉིས་ལོར«མཚོ་སྔོན་ཞིང་ཆེན་གྱི་སྤྱི་དམངས་ཀུན་སྤྱོད་ཚད་ལྡན་ཚོད་ལྟའི་ཀློག་དེབ»འགྲེམ་སྤེལ་བྱས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་དམངས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ཐད་བཏོན་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་དམངས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་དམངས་ཀུན་སྤྱོད་ཚད་ལྡན་ལ་ངོས་འཛིན་དང་རང་རྟོགས་སྒོས་སློབ་སྦྱོང་བྱེད་པར་ཀློག་དེབ་ལེགས་པོ་ཞིག་འདོན་སྤྲོད་བྱས་ཡོད། ཀློག་དེབ་འདིར་བབ་ཆགས་ལ་སྙན་ཆ་དོད་པའི་ཚིག་གི་སྦྱོར་བ་བཀོལ་ནས། «མཚོ་སྔོན་ཞིང་ཆེན་གྱི་སྤྱི་དམངས་ཀུན་སྤྱོད་ཚད་ལྡན་ཚོད་ལྟའི་ཀློག་དེབ»ལ་སྔར་ལས་མཆན་བུ་དང་རྒྱས་འགྲེལ་བྱས་ཡོད་ཅིང་། དེ་ཁྱོན་བསྡོམས་ལེའུ་ཆེན་པོ་བརྒྱད་ཀྱིས་གྲུབ་ཡོད་ལ། ཡིག་གྲངས་འབུམ་གཅིག་དང་ཁྲི་གསུམ་ལས་བརྒལ་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་། ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཅི་ཏིས་མ་ཅ་ཡིས་ཀློག་དེབ་འདིའི་གླེང་བརྗོད་བྲིསཡོད། ཀློག་དེབ་འདིས་སྤྱི་དམངས་ཀུན་སྤྱོད་ཀྱི་རྩ་བའི་ཚད་གཞི་དང་སྤྱི་ཚོགས་ཀུན་སྤྱོད། ལས་རིགས་ཀུན་སྤྱོད། ཁྱིམ་ཚང་གི་གུས་ལུགས་བཟང་བོ། མི་སྒེར་གྱི་སྤུས་ཚད། སློབ་མའི་མི་གཤིས་སོགས་མཐོང་སྣེ་དུ་མ་དམ་པོར་བཟུང་ནས། མི་ཆོས་ཀུན་སྤྱོད་ཀྱི་ཡོངས་ཁྱབ་རང་བཞིན་དང་མི་རིགས་རང་བཞིན། ས་ཁོངས་རང་བཞིན། བླ་མེད་རང་བཞིན་བཅས་གཞི་གཅིག་ཏུ་བསྲེས་པར་འབད་འབུངས་བྱས་པ་བརྒྱུད། ཀློག་དེབ་ཀྱི་ནང་དོན་གྱི་ཆ་ནས་སྲོལ་རྒྱུན་ཡ་རབས་མི་ཆོས་ཀུན་སྤྱོད་དང་དུས་རབས་ཀྱི་དགོངས་པ་གཉིས་གཅིག་གྱུར་ཡོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཀུན་སྤྱོད་རེ་འདུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བའི་རེ་བ་གཉིས་གཅིག་གྱུར་ཡོང་བ། སྔོན་ཐོན་རང་བཞིན་དང་སྤྱིར་ཁྱབ་པའི་རང་བཞིན་གཉིས་གཅིག་གྱུར་ཡོང་བར་འབད་པ་ལྷུར་ལེན་བྱས་ཡོད། ཀློག་དེབ་འདི་ཉིད་པར་བསྐྲུན་འགྲེམ་སྤེལ་བྱས་པ་དེས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་གཉིས་ཀྱི་དགོངས་དོན་ལག་ལེན་མཐའ་འཁྱོལ་ཡོང་བར་མཛུབ་སྟོན་གྱི་ནུས་པ་འདོན་གྱིན་པར་མ་ཟད། བསམ་པའི་དཔལ་ཡོན་འཛུགས་སྐྲུན་དང་མི་ཆོས་ཀུན་སྤྱོད་མཐོར་འདེགས་ཐད་དགེ་མཚན་མི་དམན་པ་ཐོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག