མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་བྱེད་ཐབས་བཅུ་བཏོན་ནས་ཞིང་པ་ཞོར་ལས་པར་གླ་ཕོགས་མི་སྟེར་བའི་གནད་དོན་གཏན་འགོག་བྱས།

རྩོམ་པ་པོ། ཚེ་མགོན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས«འཛུགས་སྐྲུན་བཟོ་སྐྲུན་ཁོངས་གཏོགས་སུ་ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་བྱས་ནས་མི་སྟེར་བའི་གནད་དོན་གཙང་སེལ་བྱེད་པའི་བྱ་བའི་བྱེད་ཐབས་བཅུ»ཞེས་པའི་བརྡ་སྦྱོར་དཔར་ནས་བཀྲམས་ཏེ། སུས་དོ་དམ་བྱེད་པ་དང་སུས་འགན་ཁུར་པའི་རྩ་དོན་ལྟར། ལས་རིགས་གཙོ་གཉེར་སྡེ་ཁག་ནས་དམ་འཛིན་བྱས་ཏེ། ཧུར་ཐག་སྒོས་མགོ་ཁུངས་ནས་ཞིང་པ་ཞོར་ལས་པའི་གླ་ཕོགས་འགོར་འགྱངས་བྱས་ནས་མི་སྟེར་བའི་གནད་དོན་གཏན་འགོག་བྱས།

ཤེས་གསལ་ལྟར་ན། བརྡ་སྦྱོར་ལས་སྲིད་གཞུང་སོ་སོའི་བདག་སྐྱོང་འགན་ཁུར་བྱེད་དགོས་པ་དང་། གླ་ཕོགས་ཆད་པའི་གཙོ་གཉེར་སྡེ་ཁག་གི་འགན་འཁྲི་དོན་འཁྱོལ་བྱེད་དགོས། ལས་ཁུངས་སོ་སོས་མཉམ་འབྲེལ་བྱེད་རྒྱུར་ཤུགས་སྣོན་དགོས། ཁེ་ལས་ཀྱིས་ལས་བཟོ་བ་བཀོལ་བའི་བྱ་སྤྱོད་དང་ངལ་རྩོལ་གན་རྒྱར་དོ་དམ་བྱེད་པ་སོགས་ཞིང་པ་ཞོར་ལས་པའི་ཁེ་ཕན་ལ་ཐད་ཀར་དུ་འབྲེལ་བ་ཡོད་པའི་བྱེད་ཐབས་བཅུ་གཏན་ལ་ཕབ་ཡོད།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག