མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧེ་ཡན་རྫོང་ལྕགས་རྟ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཕྱི་རོལ་རྩྭ་ཐང་རོལ་མོའི་དུས་ཆེན་སྐབས་གཉིས་པ་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-21 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ལྕགས་རྟ་ཡུལ་སྐོར་རིག་གནས་སྒྱུ་རྩལ་དུས་ཆེན་དང་ཕྱི་རོལ་རྩྭ་ཐང་རོལ་མོའི་དུས་ཆེན་སྐབས་གཉིས་པ་ཟླ་བདུན་པའི་ཚེས་བཅུ་དགུ་ཉིན་ནས་ཚེས་ཉི་ཤུ་ཉིན་བར་གསེར་དངུལ་ཐང་ནས་བསྡུས།

ཐེངས་འདིའི་དུས་ཆེན་དེ་མཚོ་བྱང་མདའ་བཞི་ཚོ་བའི་རིག་གནས་ལུས་རྩལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་ཟི་དང་ཟི་ལིང་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་ཡིན་ལ། ཉིན་གཉིས་རིང་གི་བྱ་འགུལ་ཁྲོད། གླུ་བ་གླུ་མ་མང་པོ་དང་རོལ་མོ་ཚོགས་པས་ས་དེའི་རོང་འབྲོག་མང་ཚོགས་ལ་རིགས་སྣ་མང་ཞིང་ནང་དོན་ཕུན་སུམ་ཚོགས་པའི་འཁྲབ་སྟོན་བྱས་ཏེ། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་སྐུ་མགྲོན་མང་པོ་བཀུག

དུས་ཆེན་སྐབས་སུ། གཙོ་སྒྲུབ་ལས་ཁུངས་ཀྱིས་ད་དུང་རྩྭ་ཐང་གི་ཆུ་རྩེད་དུས་ཆེན་དང་ལྕགས་རྟ་འགྲན་སྡུར། རྐང་ཐང་འགྲན་རྩོད་འགྲན་སྡུར། རྟ་ཐོག་ནས་མདའ་འཕེན་པ། རྩྭ་ཐང་གི་འཕྲུལ་རྟ་འགྲན་སྡུར། སྐོར་བྲོ་འགྲན་ཚོགས་སོགས་ཀྱི་ཕྱི་རོལ་བྱ་འགུལ་མང་པོ་སྤེལ་ནས། རྒྱ་ཆེའི་ཕྱི་རོལ་བྱ་འགུལ་ལ་དགའ་ཞེན་ཆེ་བའི་མི་རྣམས་ལ་སྤྲོ་སྐྱིད་ཀྱི་དུས་ཆེན་ཞིག་རོལ་དུ་བཅུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག