མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལིའུ་ཡུང་ཧྲན་གྱིས་མཚོ་སྔོན་ནས་རྟོག་ཞིབ་བྱེད་སྐབས་གཞི་རིམ་གྱི་སློབ་གསོ་ལག་ལེན་བྱ་འགུལ་ལ་བརྟན་བརླིང་ངང་གཏིང་ཟབ་སྒོས་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-20 10:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུང་ཧྲན་གྱིས་མཚོ་སྔོན་ཞིང་ཆེན་ནས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དེ་ད་ལྟ་གཞི་རིམ་དུ་གཏིང་ཟབ་ངང་སྐུལ་འདེད་བྱེད་བཞིན་ཡོད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གལ་ཆེའི་མཛུབ་སྟོན་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། གཞི་རིམ་གྱི་དོན་དངོས་ནས་འགོ་འཛུགས་པ་རྒྱུན་འཁྱོངས་བྱས་ནས་མང་ཚོགས་བྱ་འགུལ་ནང་ཞུགས་པར་གཙིགས་འཛིན་བྱེད་པ་དང་། ཤུགས་ཆེན་པོས་གནད་དོན་གྱི་ཁ་ཕྱོགས་ཤུགས་ཆེ་རུ་བཏང་སྟེ། དུས་ལྟར་རྩད་གཅོད་བཅོས་བསྒྱུར་བྱས་ནས་བྱ་འགུལ་ལ་མང་ཚོགས་ཀྱི་ཡིད་ཚིམ་པའི་ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས།

ཟླ7པའི་ཚེས17ཉིན་ནས་ཚེས19ཉིན་བར། ལིའུ་ཡུང་ཧྲན་སྔ་རྗེས་སུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དང་ཟི་ལིང་གྲོང་ཁྱེར་གྱི་ཞིང་སྡེ། གཞིས་ཁུལ། ཁེ་ལས་དང་ལས་ཁུངས་བཅས་སུ་ཕྱིན་ནས་སློབ་གསོའི་ལག་ལེན་བྱ་འགུལ་དང་གཞི་རིམ་ཏང་འཛུགས་བྱ་བར་རྟོག་ཞིབ་བྱས་ལ། མཚོ་སྔོན་གྱི་སློབ་གསོའི་ལག་ལེན་བྱ་འགུལ་དང་གཞི་རིམ་ཏང་གི་རྩ་འཛུགས་འཛུགས་སྐྲུན་ཐད་བླངས་བའི་ཕན་འབྲས་ལ་ཁས་ལེན་བྱས་པ་དང་། མཚོ་སྔོན་གྱིས་ཀུན་སྤྱོད་བསྒྱུར་བཅོས་དང་བཅོས་བསྒྱུར་གཙིགས་འཛིན། འཕེལ་རྒྱལ་ལ་སྐུལ་འདེད། དམངས་འཚོར་ཁེ་ཕན་བསྐྲུན་པ་བཅས་ཀྱི་ཕྱོགས་ནས་མུ་མཐུད་དུ་འཕེལ་རྒྱས་གསར་བ་ལེན་དགོས་པའི་རེ་བ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ལིག་ཅི་མཉམ་དུ་རྟོག་ཞིབ་དུ་ཕེབས་ཡོད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལའོ་ཧུའེ་ཉིན་དང་ཧྲིན་ཀྲང་ཧའོ་ཕིན་གྱིས་རྟོག་ཞིབ་ལ་འགྲོ་རོགས་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག