མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐབས་བཅུ་གསུམ་པའི“ཐེན་ཡུའི་ཏི་ནས་ཆང་རྟགས་མའི”མཚོ་བསྐོར་ལྕགས་རྟ་འགྲན་བསྡུར་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-20 10:42

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན་གྱི་ཕྱི་དྲོར། སྐབས་བཅུ་གསུམ་པའི“ཐེན་ཡུའི་ཏི་ནས་ཆང་རྟགས་མའི”མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་ནས་མཇུག་སྒྲིལ་གཟེངས་བསྟོད་མཛད་སྒོ་བསྡུས།

ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཨོ་དབྱང་ཅན་དང་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཅན་མིན། ཀན་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཞན་ཧུའེ། ཀན་སུའུ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ལྷན་ཚོགས་ཀྱི་ཀྲུའུ་རིན་གཞོན་པ་ལིས་ཧུའེ་དང་། ཀན་སུའུ། མཚོ་སྔོན། ཉིན་ཞ་བཅས་ཞིང་ལྗོངས་གསུམ་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་དང་འགྲན་ཞུགས་ལུས་རྩལ་པ། རྩལ་སློབ་དགེ་རྒན་བཅས་མཇུག་སྒྲིལ་གཟེངས་བསྟོད་མཛད་སྒོར་ཞུགས།

ཞན་ཧུའེ་གྱིས་གཏམ་བཤད་ཁྲོད་བཤད་རྒྱུར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཉིན་ཞ་ཧེ་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱི་ཐུན་མོང་གི་འབད་བརྩོན་བྱས་པའི་འོག སྐབས་བཅུ་གསུམ་པའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་རྒྱལ་ཁའི་ངང་མཇུག་སྒྲིལ་ཤིང་། ཐེངས་འདིའི་མཚོ་བསྐོར་འགྲན་བསྡུར་གྱི་སྤྱིའི་ལམ་ཐག་ལ་སྤྱི་ལེ3591ཡོད་པ་དང་། དུས་ཡུན་ཉིན14རིང་ལ་གླིང་ཆེན་ལྔའི་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བའི་འགྲན་ཞུགས་རུ་ཁག22ཀྱིས་འགྲན་མཚམས13ལ་ཛ་དྲག་གི་འགྲན་བསྡུར་བྱས་ཏེ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་དང་། ང་ཚོར་འགྲན་རྩོད་ཆེ་ཞིང་ལྟ་རྒྱུ་ཡོད་པའི་ལྕགས་རྟ་འགྲན་བསྡུར་ཞིག་མིག་གི་དགའ་སྟོན་དུ་སྦྱིན། ཐེངས་འདིའི་མཚོ་བསྐོར་འགྲན་བསྡུར་བདེ་བླག་ངང་སྤེལ་བ་དེས་འཛམ་གླིང་ལ་ཡང་བསྐྱར་རབ་མཛེས་མཚོ་སྔོན་དང་མཛེས་སྡུག་གི་ཀན་སུའུ། ངོ་མཚར་གྱི་ཉིན་ཞ་ཡི་ཁྱད་དུ་འཕགས་པའི་ཡུལ་ལྗོངས་དང་དམངས་སྲོལ་འགྲེམ་སྟོན་བྱས་པ་དང་། བཅོས་བསྒྱུར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་གྱི་ཕན་ནུས་བརྒྱུད་བསྒྲགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འགྲན་བསྡུར་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཇེ་ཆེར་བཏང་ནས་རང་རྒྱལ་དང་འཛམ་གླིང་གི་ལྕགས་རྟའི་ལུས་རྩལ་ལས་དོན་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་ཐད་ལ་སྐུལ་སྤེལ་གྱི་བྱེད་ནུས་གལ་ཆེན་འདོན་ཐུབ།

མཇུག་བསྒྲིལ་གཟེངས་བསྟོད་མཛད་སྒོའི་སྟེང་ད་རུང་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་ལྡན་པའི་མི་རིགས་གླུ་གར་འཁྲབ་སྟོན་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག