མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་ཉོ་ཚོང་ཚོགས་འདུ་དེ་ཟླ8པའི་ཚེས7ཉིན་འགོ་རྩོམ་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-20 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཟླ7པའི་ཚེས18ཉིན་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་ཉོ་ཚོང་ཚོགས་འདུའི་རྩ་འཛུགས་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། ཚོང་དོན་པུའུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱེད་པ་དང་། “བརྗེ་རེས་དང་མཉམ་ལས། གསར་སྐྲུན། འཕེལ་རྒྱས”བཅས་བརྗོད་དོན་དུ་བཟུང་བའི་བོད་ཀྱི་ས་གདན་རྒྱལ་སྤྱིའི་འགྲེམ་སྟོན་ཚོགས་འདུ་དང་དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་ཉོ་ཚོང་ཚོགས་འདུ་དེ་ཟླ8པའི་ཚེས7ཉིན་ནས་ཚེས11ཉིན་བར་མཚོ་སྔོན་རྒྱལ་སྤྱི་འགྲེམ་སྟོན་ལྟེ་གནས་སུ་ཚོགས་རྒྱུ་རེད།

ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ལ་རྒྱལ་ཁབ་ཕྱི་ནང་གི་རིགས་སོ་སོའི་ལག་བཟོས་ས་གདན་དང་འཕྲུལ་འཐག་ས་གདན། སྒྱུ་རྩལ་ས་གདན། མ་བཅོས་རྒྱུ་ཆ་སོགས་གཙོ་བྱས་ཏེ་འགྲེམ་སྟོན་བྱེད་རྒྱུ་ཡིན་པ་དང་མཉམ་དུ་ཡུལ་དངོས་སུ་རྒྱལ་ཁབ་སོ་སོའི་ས་གདན་འཐག་རྩལ་འགྲེམ་སྟོན་དང་། བོད་ཀྱི་རིག་གནས་དང་སྒྱུ་རྩལ་ཐོན་རྫས་འགྲེམ་སྟོན་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཞིང་ཆེན་ཚོང་དོན་ཐིན་སོགས་འབྲེལ་ཡོད་ལས་ཁུངས་དག་ན་ནིང་གི་ཟླ10བ་ནས་ད་ལོའི་ཟླ6པའི་བར་དུ་སོ་སོར་ཕ་ཁི་སི་ཐེན་དང་ཧིན་རྡུ། ཐུར་ཁེ། ནེ་པ་ལ།ཐུའུ་ཁུའུ་མན་སི་ཐན་སོགས་ས་གདན་ཐོན་ཡུལ་རྒྱལ་ཁབ་དང་ས་ཁུལ་གཙོ་བོར་སོང་ནས་ཚོང་འགུག་འགྲེམ་འགུག་གི་བྱ་བ་སྤེལ། དུས་མཚུངས་སུ་རྒྱལ་ནང་གི་ལས་རིགས་གཙོ་བོའི་འགྲེམ་སྟོན་ཚོགས་འདུའི་བྱ་འགུལ་ལ་འབྲེལ་ནས་ས་གདན་ལས་རིགས་མཐུན་ཚོགས་ཀྱི་ཁོངས་གཏོགས་ལས་ཁུངས་དང་ས་གནས་རང་གི་ས་གདན་ཁེ་ལས་བཅས་ནས་རྒྱལ་ནང་གི་ཚོང་འགུག་འགྲེམ་འགུག་གི་བྱ་བ་བསྒྲུབས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག