མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2014ལོའི་མཚོ་སྔོན་ས་གདན་འགྲེམ་སྟོན་དང་དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་བརྗེ་རེས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-20 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས2014ལོའི་ཀྲུང་གོའི་མཚོ་སྔོན་ས་གདན་རྒྱལ་སྤྱི་འགྲེམ་སྟོན་དང་དར་གོས་ཚོང་ལམ་ས་གདན་འགྲེམ་སྟོན་བརྗེ་རེས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་གྲོས་ཚོགས་བསྡུས་ནས། འགྲེམ་སྟོན་གྱི་གྲ་སྒྲིག་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་དང་། རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ཞའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ཐེངས་འདིའི་འགྲེམ་སྟོན་བཟང་བོར་བསྒྲུབ་པའི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། ལོ་བཅུའི་རིང་ལ། ས་གདན་འགྲེམ་སྟོན་ཐད་ནས་མངོན་གསལ་གྱི་གཞི་ཁྱོན་ཕན་ནུས་དང་ཐོན་ལས་ཕན་ནུས། ཚོང་རྟགས་ཕན་ནུས་བླངས་ནས། ས་གདན་འགྲེམ་སྟོན་དེ་ས་གདན་ཐོན་རྫས་དང་ལག་རྩལ། ཆ་འཕྲིན། མ་རྩ་ཉོ་ཚོང་བཅས་གཞི་གཅིག་ཏུ་འདུ་བའི་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་མཉམ་ལས་སྟེགས་བུར་གྱུར་ཡོད་པ་མ་ཟད། རྒྱལ་ནང་གི་རྒྱལ་སྤྱིའི་རང་བཞིན་དང་ཁྱད་ཆོས་ཅན། ཚོང་རྟགས་ཅན། ཆེད་ལས་ཅན་གྱི་ས་གདན་འགྲེམ་སྟོན་དུ་གྱུར་ཡོད། ང་ཚོས་ལོ་རྒྱུས་ཀྱི་མགོ་ཚུགས་ས་གསར་བ་ནས། དར་གོས་ཚོང་ལམ་དཔལ་འབྱོར་ཁུལ་འཛུགས་སྐྲུན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ཏེ། འགྲེམ་སྟོན་ཁྲོད་ཞུགས་པའི་རྒྱལ་ཁབ་གཞན་པའི་ས་གདན་མཐུན་ཚོགས་དང་མཉམ་དུ་ས་གདན་ཐོན་ཡུལ་མཉམ་ལས་ཅན་དང་ས་གདན་ཐོན་ལས་དེང་རབས་ཅན། ས་གདན་ཐོན་རྫས་ཚོང་རྟགས་ཅན་དུ་བསྒྱུར་དགོས་ཟེར།

ཚོགས་ཐོག་ནས། ཐེངས་འདིའི་འགྲེམ་སྟོན་བཟང་བོར་བསྒྲུབ་པའི་ལས་འགན་དང་རེ་བ་ལག་བསྟར་བྱེད་དགོས། མུ་མཐུད་དུ་བཅོས་བསྒྱུར་གསར་སྤེལ་དང་བདེ་འཇགས་ཨང་དང་པོར་འཇོག་པ། ཧུར་བརྩོན་གྲོན་ཆུང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ད་ལོའི་མུའུ་སི་ལིན་ཟས་རིགས་ཅ་ལག་འགྲེམ་སྟོན་ཐད་ཀྱི་ཉམས་མྱོང་དཔེར་བྱས་ནས། མགོ་རྩོམ་མཛད་སྒོ་མེད་པར་བཟོས་ཏེ་གཅིག་བསྡུས་ཀྱིས་འགྲེམ་སྟོན་དང་ཚོང་རྫས་བཙོང་བ་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། ཐོན་ལས་མ་དངུལ་དང་གློག་རྡུལ་ཚོང་དོན་བཀོལ་སྤྱོད་བཟང་བོ་བྱས་ཏེ། ཧུར་ཐག་གིས་ཐེངས་འདིའི་ས་གདན་འགྲེམ་སྟོན་དེ་ཁྱད་ཆོས་གསར་བ་དང་ཆུ་ཚད་གསར་བ་ཡོད་པའི་ས་གདན་འགྲེམ་སྟོན་དུ་བསྒྲུབ་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས། ཐེངས་འདིའི་ས་གདན་འགྲེམ་སྟོན་བཟང་བོར་བསྒྲུབ་པའི་བྱ་བའི་མཉམ་ཤུགས་ཆགས་པར་བྱེད་དགོས། བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། བྱ་བའི་འགན་འཁྲི་དོན་འཁྱོལ་བྱེད་པ། སྣང་ཚུལ་བཟང་བོ་བསྐྲུན་པ་བཅས་བྱས་ཏེ། ས་གདན་འགྲེམ་སྟོན་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས་ཞེས་ནན་གྱིས་བསྟན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག