མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟླ་སྔོན་མ་དྲུག་གི་རིང་མཚོ་སྔོན་གྱི་དཔལ་འབྱོར་བརྟན་བརླིང་ངང་གོང་དུ་འཕར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-19 12:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས18ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་སྡོམ་རྩིས་ཅུའུ་ཀྱི་ཅུའུ་ཀྲང་གཞོན་པ་ཁྲིན་ཝེ་ཡིས་ལོ་སྟོད་ལ་མཚོ་སྔོན་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ཐད་ནས་ཡོངས་བསྒྲགས་བརྡ་ཡིག་སྤེལ།

ད་ལོའི་ཚུན་ནས་བཟུང་། རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་དམིགས་ཏེ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཕྱོགས་གཅིག་ནས་ནན་ཏན་གྱིས་ཀྲུང་དབྱང་གི་བརྟན་བརླིང་ངང་འཕར་བ་དང་བཅོས་བསྒྱུར་ལ་སྐུལ་འདེད། སྒྲིག་གཞི་ལེགས་བཅོས། དམངས་འཚོར་གཟིགས་སྐྱོང་གི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། ཕྱོགས་གཞན་ཞིག་ནས་མཚོ་སྔོན་གྱི་ས་ཁུལ་མི་འདྲ་བ་དང་འཕེལ་རྒྱས་གནས་ཚུལ་མི་འདྲ་བར་གཞིགས་ཏེ། དུས་ལྟར་བཞུགས་མོལ་ཚོགས་འདུ་བསྡུས། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ཁེ་ལས་ཐོན་སྐྱེད་ལ་རོགས་སྐྱོར་བྱས་ནས་ཤུགས་ཆེན་པོས་དཔལ་འབྱོར་བརྟན་བརླིང་ངང་མགྱོགས་མྱུར་སྒོས་འཕར་བར་སྐུལ་འདེད་བཏང་བས། ལོ་སྟོད་ལ་མཚོ་སྔོན་གྱིས་ས་གནས་ཐོན་སྐྱེད་སྤྱི་འབོར་སྒོར་དུང་ཕྱུར966.47ལེགས་འགྲུབ་བྱས་པ་དང་། ན་ནིང་གི་དུས་མཉམ་ལས10.2%འཕར་ལ། འཕར་ཚད་རྒྱལ་ཡོངས་ཀྱི་ཆུ་ཚད་ལས་བརྒྱ་ཆའི་ཆ2.8ཀྱིས་མཐོ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག