མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་རིགས་གཞུང་ལས་རིགས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-19 12:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་གཙོ་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་རིགས་གཞུང་ལས་རིགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ་ལ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུ་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། མཚོ་སྔོན་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་སོགས་ལས་ཁུངས་ཀྱི་འགན་ཁུར་མི་སྣ་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས། ཆེད་མཁས་པ་བཅུ་གཅིག་གིས་ཟུར་སྣ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་ས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་ཀློག་དེབ་ལ་སློབ་སྦྱོང་བྱས་པའི་མྱོང་ཚོར་དང་གྲུབ་འབྲས་མཉམ་སྤྱོད་བྱས། ཆེད་མཁས་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་རྒྱུ་ནི། འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་དམ་འཛིན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་གཏན་ཁེལ་བྱེད་པའི་དགོས་མཁོ་དང་། དགེ་མཚན་གསར་བ་གོང་འཕེལ་དང་བྱ་བའི་རྣམ་པ་གསར་བ་གསར་གཏོད་བྱེད་པའི་དགོས་མཁོ་ཡིན་ལ། ལས་བྱེད་དཔུང་སྡེའི་བྱང་ཚད་མཐོར་འདེགས་དང་རྙོག་འཛིང་གི་གནས་བབ་ཐག་གཅོད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཐད་ཀྱི་དགོས་མཁོ་ཡིན་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བརྩོན་སེམས་དང་གསར་སྐྲུན་གྱི་འདུ་ཤེས་བསྐྱེད་པའི་དགོས་མཁོ་ཡང་ཡིན་པའི་བསམ་ཚུལ་བསྟན།

ཚོགས་ཐོག་ནས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་དྲིལ་སྒྲོག་བསམ་བློའི་འཐབ་ཕྱོགས་དང་། ལྷག་པར་དུ་སྤྱི་ཚོགས་ཚན་རིག་རིགས་གཞུང་ལས་རིགས་ཀྱིས་རང་འགུལ་གྱིས་འགན་ཕྲག་ཏུ་བླངས་ནས། རིགས་གཞུང་ལས་རིགས་ཀྱི་སྣེ་ཁྲིད་དང་སྔོན་བསྐྱོད། དོགས་སེལ། སྟོབས་ཤུགས་གཅིག་བསྒྲིལ་གྱི་ནུས་པ་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་བྱེད་པར་མིག་དཔེ་སྟོན་དགོས་པ་དང་། ཚན་རིག་ལྟར་ཐབས་ཇུས་བཟོ་བར་ཞབས་འདེགས་ཞུ་བ་དང་། གྲུབ་འབྲས་བཟང་བོ་ལེན་པ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ། སྤྱི་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་གཅིག་ཏུ་བསྡུས་པ་སོགས་ཐད་ཀྱི་བྱ་བ་བྱེད་ཤུགས་ཇེ་ཆེར་བཏང་ནས། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། ཧུར་ཐག་གིས་ཁུལ་གསུམ་འཛུགས་སྐྲུན་བྱེད་པར་ཤུགས་འདོན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག