མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟི་ལིང་གཙོས་ཤར་ཕྱོགས་གྲོང་ཁྱེར་ཚོགས་ལ་སློབ་གསོའི་འཕེལ་རྒྱས་ཐད་སྒོར་ཐེར་འབུམ་གཅིག་དང་དུང་ཕྱིར་བརྒྱད་བཏང་།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-19 12:02

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་གྲོང་ཁྱེར་ལྟེ་བར་བཟུང་ནས་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཚོགས་འཛུགས་སྐྲུན་ཐད་ལ་འཆར་འགོད་དང་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱས་ཤིང་།ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་འཛུགས་སྐྲུན་གཞི་རྩར་བཟུང་ནས་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཚོགས་མཐའ་སྐོར་འཛུགས་སྐྲུན་རེ་བ་ལྟར་འཐབ་ཇུས་བྱེད་སྟངས་ལེགས་པོ་སྤྱད་ནས་ཧུར་བརྩོན་སྒོས་འཛུགས་སྐྲུན་མ་རྩ་གསོག་ཉར་བྱེད་ཐབས་སྤྱད་དེ། ད་ལོར་མི་འགྱང་པར་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བཏང་ནས་གོམ་གང་མདུན་སྤོས་སྒོས་ཤར་ཕྱོགས་གྲོང་ཁྱེར་ཚོགས་སློབ་གསོའི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་བཟང་པོ་སྐྲུན་ཏེ། སྤྱི་བོའི་སློབ་གསོའི་ཞབས་ཞུའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མ་རྩ་བཏང་བའི་སྒོར་འདི་དག་གིས་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བ་དང་། འབྲིང་ཆུང་སློབ་གྲྭ་ཚད་ལྡན་ཅན་དུ་གཏོང་བ། མཐོ་རིམ་སློབ་གྲྭའི་སྒྲིག་བཀོད་ཇེ་ལེགས་སུ་གཏོང་བ། ལས་རེས་དགེ་རྒན་གྱི་མལ་ཁང་དང་། སློབ་འབྲིང་སློབ་མའི་མལ་ཁང་བཟོ་སྐྲུན་བཅོས་སྒྲིག་བྱེད་པ། སློབ་སྔོན་སློབ་གསོའི་བཟོ་སྐྲུན་ལ་སྐུད་འདེད་གཏོང་བ། མི་རིགས་ས་ཁུལ་གྱི་མཐོ་འབྲིང་དང་། འབྲིང་རིམ་ལས་རིགས་སློབ་གྲྭ དམིགས་བསལ་སློབ་གསོ་སློབ་གྲྭ་སོགས་བསྡོམས་པས་མཚོ་ཤར་ས་ཁུལ་ལྟེ་བར་བཟུང་བའི་ལས་གཞི་བདུན་ཅུ་དང་། སྤྱིའི་ལས་གཞིའི་འཛུགས་སྐྲུན་རྒྱ་ཁྱོན་རྨུས་གྲུ་བཞི་མ་འབུམ་བཞི་དང་ཁྲི་བཞི་སྟོང་ལྔ་ཡོད།

མིག་སྔར། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྒོར་ཐེར་འབུམ་གཅིག་དང་། དུང་ཕྱིར་ལྔ་བྱེ་བ་བརྒྱད་བཏང་ནས་ལས་གཞི་འདི་ལག་བསྟར་བྱས་ཤིང་། ལས་གཞི་འདི་སྤེལ་བ་བརྒྱུད་ནས་མི་འགྱང་པར་ཤར་ཕྱོགས་གྲོང་ཁྱེར་ཚོགས་ཀྱི་སྤྱི་བོའི་སློབ་གསོའི་ཞབས་ཞུའི་ཚུ་ཚད་མཐོར་འདེགས་བྱུང་ནས་མི་དམངས་མང་ཚོགས་ཀྱི་སྤྱི་བོའི་སློབ་གསོའི་ཞབས་ཞུའི་འདོད་བློ་བསྐངས་ཏེ། གོམ་གང་མདུན་སྤོས་སྒོས་ཤར་ཕྱོགས་གྲོང་ཁྱེར་ཚོགས་ཕྱོགས་བསྡུས་ཞབས་ཞུའི་ནུས་ཁུངས་ཁག་ཐེག་བྱས་ཏེ།ཤར་ཕྱོགས་གྲོང་ཁྱེར་ཚོགས་འཛུགས་སྐྲུན་ཡིད་དུ་འོང་བ་བྱས་ནས་རྨིང་གཞི་ལེགས་པོ་སྐྲུན་ཐུབ་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག