མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཡུས་ལིན་གྱིས་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་བྱ་བར་རྟོག་ཞིབ་བྱས།

རྩོམ་པ་པོ། བན་དེ་སྐྱབས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-19 12:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ནས་ཚེས་བཅུ་བདུན་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལོ་ཡུས་ལིན་གྱིས་ལྷོ་རྒྱུད་དང་ཤར་རྒྱུད། ཀན་ཧི་བཟོ་ལས་གླིང་བཅས་ས་ཁུལ་གྱི་ཁེ་ལས་སྐོར་ཞིག་ལ་རྟོག་ཞིབ་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་བྱ་བའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པ་དང་། ཁེ་ལས་ཀྱིས་དངོས་ཡོད་དཀའ་གནད་དང་གནད་དོན་ཐག་གཅོད་པར་རོགས་འདེགས་བྱས།

ལོ་ཡུས་ལིན་གྱིས་བསྟན་དོན། དེང་སྐབས་དཔལ་འབྱོར་ཁོར་ཡུག་སྣེ་མང་རྙོག་འཛིང་ཆེ་བས། ཁེ་ལས་སྡེ་ཁག་སོ་སོས་སྤྱི་བའི་དཔལ་འབྱོར་གྱི་འཕེལ་ཕྱོགས་ལ་དོ་སྣང་གང་ལེགས་བྱས་ནས། ཁྲོམ་རའི་ཁོར་ཡུག་གི་འགྱུར་ལྡོག་ལ་བསྟུན་དགོས་པ་ལས་གཞན། ད་དུང་ཕན་འབྲས་ཇེ་ཆེ་དང་མ་རྩ་ཇེ་ཉུང་དུ་གཏོང་བར་འབད་དེ། སྨད་རྒྱུད་ཐོན་ལས་སྦྲེལ་མཐུད་བྱ་བར་སྔར་ལས་ཤུགས་བསྣན་ནས། ཧུར་བརྩོན་ཆེན་པོས་ཁྲོམ་ར་གསར་སྤེལ་བྱེད་དགོས། ལས་གཞི་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། ཁྲོམ་ར་ཡོད་ལ་ཕན་ཁེ་བསྐྲུན་ཐུབ་པའི་ཡང་བའི་བཟོ་ལས་དང་འཛད་སྤྱོད་དངོས་རྫས་སོགས་ཀྱི་ཁེ་ལས་རང་སྟེང་གི་བྱེད་ནུས་ལེགས་བཅོས་བྱས་ཏེ། ཁེ་ལས་ཀྱི་གཞི་རྒྱ་སྔར་ལས་རྒྱ་བསྐྱེད་པ་དང་ཕན་འབྲས་སྔར་ལས་ཆེན་པོ་ཐོབ་པར་བརྩོན་དགོས། ཐོན་ཁུངས་དང་ནུས་ཁུངས་གྲོན་ཆུང་ལ་སྔར་ལས་གཙིགས་ཆེན་བླ་མེད་བྱས་ཏེ། ལག་རྩལ་གསར་བ་དང་སྒྲིག་ཆས་གསར་བ། ལག་ཤེས་གསར་བ་བཅས་སྤྱོད་པ་དང་། སྒྲིག་ཆས་ཇེ་བཟང་དང་སྙིགས་རོ་དང་ཆུ་རྙོག རླངས་རོ་བཅས་བསྐྱར་དུ་བེད་སྤྱོད་བྱེད་པའི་ཐབས་ཤེས་སྤྱད་མཐར། ཧུར་བརྩོན་ཆེན་པོས་རྣམ་པ་གཉིས་ཀྱི་ཁེ་ལས་འཛུགས་སྐྲུན་བྱེད་དགོས་ཟེར།

ལོ་ཡུས་ལིན་གྱིས་གསར་སྤེལ་ས་ཁུལ་དང་བཟོ་ལས་ས་ཁུལ། དེ་མིན་འབྲེལ་ཡོད་ལས་ཁུངས་བཅས་ཀྱིས་ནན་ཏན་སྒོས་རྒྱལ་ཁབ་དང་ཞིང་ཆེན་གྱིས་བཏོན་པའི་སྲིད་ཇུས་དང་བྱེད་ཕྱོགས་སྣ་མང་དུས་ལྟར་ལག་བསྟར་མཐའ་འཁྱོལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བྱ་བའི་སྔོན་དཔག་རང་བཞིན་དང་ཁ་གཏད་རང་བཞིན། རང་འགུལ་རང་བཞིན་བཅས་མཐོར་འདེགས་སུ་བཏང་བ་བརྒྱུད། ལག་བསྟར་དངོས་འབེབས་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས་པའི་རེ་བ་བཏོན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག