མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་གཏམ་རྒྱུད་གཞི་རིམ་དུ་སྒྲོག་པའི་སྐོར་སྐྱོད་འཁྲབ་སྟོན་མཚོ་སྔོན་ཞིང་ཆེན་དུ་བསྡུས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-19 12:01

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། 2014ལོའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་ལེགས་ཅན་གྱི་གཏམ་རྒྱུད་གཞི་རིམ་དུ་སྒྲོག་པའི་སྐོར་སྐྱོད་འཁྲབ་སྟོན་མཚོ་སྔོན་ཞིང་ཆེན་ཚོགས་འདུ་ལྟེ་གནས་ནས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏིས་མཱ་ཅ་དང་། ཞིང་ཆེན་རིག་གནས་གསར་འགྱུར་དཔེ་སྐུན་ཐིན་དང་། ཞིང་ཆེན་སྤྱིའི་བཟོ་ཚོགས། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྟོང་ལྷག་གིས་འཁྲབ་སྟོན་ལ་བལྟས།

2014ལོའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་གཏམ་རྒྱུད་གཞི་རིམ་དུ་སྒྲོག་པའི་སྐོར་སྐྱོད་འཁྲབ་སྟོན་བྱ་འགུལ་དེ་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཀྲུང་གོ་གཞས་མ་གཏམ་སྒྱུ་རྩལ་པའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དཔལ་ཡོན་གཞུང་སྒྲུབ་ཁང་དང་ཟི་ལིང་གྲོང་ཁྱེར་ཏང་ཨུ། ཟི་ལིང་གྲོང་ཁྱེར་སྲིད་གཞུང་བཅས་ཀྱིས་འགན་སྒྲུབ་བྱས་པ་ཡིན་ལ། ཟི་ལིང་གི་ཆེད་དོན་འཁྲབ་སྟོན་སྟེང་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་དྲུག་གི་མི་སེམས་འགུལ་བའི་གཏམ་རྒྱུད་དྲིལ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག