མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་མཚོ་བྱང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག་སྔོན་ལ་བཏོན་པ།

  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  2014-07-19 11:58

    ཀྲུང་གོའི་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཡི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ《སྲོལ་ཡིག》ཅེས་བརྗོད་རྒྱུ)ཐོག་མ་དེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་ཐོག་ཆོག་མཆན་ཐོབ་པ་བརྒྱུད་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

    《སྲོལ་ཡིག》ནང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་གཏོང་བའི་འགན་འཁྲི་ཁ་གསལ་བཟོས་ཡོད་ལ།མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་འཇུག་པ་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ།མི་རིགས་དཔལ་འབྱོར་འཕེལ་རྒྱས་གཏོང་བ།དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ།སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ།ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ།གྲངས་ཉུང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ།སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ལེགས་སུ་གཏོང་བ།ཐོན་ཁུངས་ཁུལ་གྱི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་སོགས་ནང་དོན་མངོན་གསལ་དོད་པོ་བཏོན་ཡོད།མི་རིགས་ཁག་དབར་ཕན་ཚུན་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་རྒྱལ་ཁབ་ཀྱི་གཞུང་ལས་པ་དང་རིགས་ཁག་གི་ཆེད་ལས་ལག་རྩལ་མི་སྣ་གསོ་སྐྱོང་དང་བེད་སྤྱོད་བྱ་རྒྱུ་དང་།“སྐད་གཉིས”སྨྲ་བའི་གཞུང་ལས་མི་སྣ་གསོ་སྐྱོང་དང་བཀོད་སྒྲིག་དང་།ལས་དོན་པ་བསྡུ་སྤྱོད་བྱེད་སྐབས་གྲངས་ཉུང་མི་རིགས་ཀྱི་སྤྱི་དམངས་ལ་ལྟ་རྟོག་འོས་འཚམ་བྱ་རྒྱུ།མི་རིགས་ཁག་གིས་བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་ས་གནས་དེ་གའི་ཆབ་སྲིད་དང་།དཔལ་འབྱོར།རིག་གནས།སྤྱི་ཚོགས་བྱ་གཞག་བཅས་ལ་དོ་དམ་བྱེད་པའི་ནང་འདྲ་མཉམ་ཐོག་ཞུགས་རྒྱུ།མི་རིགས་ཁག་ཕན་ཚུན་དབར་ལོ་རྒྱུས་རིག་གནས་དང་།སྐད་ཡིགསྲོལ་རྒྱུན་གྱི་དུས་ཆེན།ཡུལ་སྲོལ་གོམས་གཤིས།ཆོས་དད་རང་མོས་བཅས་ལ་བརྩི་འཇོག་བྱེད་དགོས་པ།སྤྱི་དམངས་ལ་ཆོས་དད་རང་མོས་ཡོད་པ་དང་སྤྱི་དམངས་ཀྱི་རྒྱུན་གཏན་ཆོས་ལུགས་བྱེད་སྒོར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པ་བྱེད་དགོས་པ།རང་སྐྱོང་ཀྲོའུ་ནང་གི་གསོལ་མགྲོན་ཁང་དང་།མགྲོན་ཁང་།རླངས་འཁོར་བབས་ཚུགས་བཅས་དང་དེ་བཞིན་སྤྱི་པའི་བྱེད་སྒོ་སྤེལ་ཡུལ་གཞན་དུ་མི་རིགས་ཁག་གི་མང་ཚོགས་ལ་ཞབས་འདེགས་གཅིག་པ་ཞུ་དགོས་པའི་གཏན་འབེབས་བྱས་ཡོད་པ།མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་འགོ་ཁྲིད་ཀྱིས་འགན་འཁུར་བའི་ལམ་ལུགས་དང་ལོ་འཁོར་དམིགས་ཚད་ཀྱི་འགན་འཁྲིའི་དཔྱད་ཞིབ་ལམ་ལུགས་ལག་བསྟར་བྱེད་དགོས་པའི་གཏན་འབེབས་བྱས་པ་རེད།ལོ་ལྟར་གྱི་ཟླ་8པ་ནི་རང་སྐྱོང་ཁུལ་ཡི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བར་གཏན་འཁེལ་བྱས་པ་རེད།བྱ་དགའ་སྤྲོད་ཐབས་གཏན་འཁེལ་བཟོས་པ་དང་རང་སྐྱོང་ཁུལ་དང་རྫོང་ཁག་གིས་ལོ་5རེ་དང་ཤང(གྲོང་རྡལ)ཁག་གིས་ལོ་3རེར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐེངས་རེ་འཚོགས་ནས་རིམ་ཁག་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པ་དང་བྱ་དགའ་སྤྲོད་དགོས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དམིགས་ཚད་ལོན་པའི་ཚན་པར་བྱ་དགའ་སྤྲོད་དགོས་པའི་གཏན་འབེབས་བྱས་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག