ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་སྨན་པ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི“སྐབས་དགུ་བའི་ཀྲུང་གོ་སྨན་པའི་བྱ་དགའ”སྟེར་བའི་ཚོགས་ཆེན་དེ་ཉེ་ལམ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གཟབ་རྒྱས་ངང་ཚོགས་པ་དང་། བྱ་དགའ་འདི་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིབ་བཤེར་བྱེད་པའི་ཀྲུང་གོ་གསོ་རིག་ལས་རིགས་ཀྱི་ཆེས་མཐོ་བའི་བྱ་དགའ་ཡིན་ཞིང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་ཐད་གཏོགས་གྲོང་ཁྱེར། རང་སྐྱོང་ལྗོངས་བཅས31ནས་ཡོང་བའི་སྨན་པ80ལ་མཚན་སྙན་འདི་ཐོབ་ཡོད། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཁྲག་རྩ་ནད་ཀྱི་ཆེད་མཁས་པ་དང་བོད་སྨན་ཀྲུའུ་རིན་གཞོན་པའི་སྨན་པ་པད་མ་ལ་མཚན་སྙན་འདི་ཐོབ་ཡོད་ལ། ཁོ་ནི་རྒྱལ་ཡོངས་ཀྱི་བོད་ཀྱི་གསོ་རིག་ལས་རིགས་དང་མཚོ་སྔོན་ཞིང་ཆེན་དུ་མཚན་སྙན་འདི་ཐོབ་པའི་བོད་སྨན་སྨན་པ་གཅིག་པུ་ཡིན། །