མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་དང་ཕན་ནུས་ཇེ་མཐོར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་འགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-18 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་མ་ལག་འཛུགས་སྐྲུན་དང་ཕན་ནུས་ཇེ་མཐོར་གཏོང་བའི་གསོ་སྦྱོང་འཛིན་གྲྭ་དེ་ཧོང་ཀྲུང་རྫོང་ནས་སྤེལ་འགོ་བརྩམས་ལ། རྒྱལ་ནང་གི་རྩེར་སོན་རིག་གནས་དོ་དམ་ཆེད་མཁས་པས་དུས་ཡུན་ཉིན་གསུམ་རིང་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བའི་རིག་གནས་ཞབས་ཞུ་མི་སྣར་སློབ་ཁྲིད་བྱེད་རྒྱུ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དེ་ཀྲུང་དབྱང་རིག་གནས་དོ་དམ་ལས་བྱེད་སློབ་གླིང་གི་རྩ་འཛུགས་དང་འགན་སྒྲུབ་བྱས་ཤིང་། རིག་གནས་པུའུ་ཡི2014ལོའི“སྦྲང་ཆར་བཟོ་འགོད་དེ་རྒྱལ་ཡོངས་ཀྱི་རིག་གནས་དང་བླངས་པ་མཐའ་ཁུལ་དུ་བསྐྱོད་པའི་བྱ་འགུལ”གྱི་ནང་དོན་གྲས་ཤིག་ཡིན།

ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྤྱི་བའིའ་རིག་གནས་ཞབས་ཞུ་ལས་ཁུངས་ཀྱི་རྨང་གཞི་སྒྲིག་ཆས་དང་ཆ་སྡེབ་སྒྲིག་ཆས་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་། དེས་ཞིང་ཆེན་ཡོངས་ཀྱི་སྤྱི་བའི་རིག་གནས་བདེ་ཐང་ངང་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བར་རྨང་གཞི་བརྟན་པོ་བཏིངས་བ་མ་ཟད། རིག་གནས་སྒྲིག་ཆས་འདི་དག་ལ་ཅི་ལྟར་དོ་དམ་དང་བེད་སྤྱོད་ལེགས་པོ་བྱས་ཏེ་ཞིང་ཆེན་ཡངོས་ཀྱི་སྤྱི་བའི་རིག་གནས་ཞབས་ཞུ་ལ་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་འབྱུང་བར་ལོ་རྒྱུས་རང་བཞིན་གྱི་གནད་དོན་བཏོན་ཡོད། དེ་བས་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྤྱི་བའི་རིག་གནས་ཞབས་ཞུ་མི་སྣར་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ། ཐེངས་གང་མང་ལ་ཁོ་ཚོ་རྩ་འཛུགས་བྱས་ཏེ་ཀྲུང་དབྱང་རིག་གནས་དོ་དམ་ལས་བྱེད་སློབ་གླིང་དང་སི་ཁྲོན། ཁྲུང་ཆིན། ཐེན་ཅིན་སོགས་ནས་གསོ་སྦྱོང་བྱས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ལ་རིག་གནས་པུའུ་དང་ཀྲུང་དབྱང་རིག་གནས་དོ་དམ་ལས་བྱེད་སློབ་གླིང་། ཀྲུང་དབྱང་ཏང་གི་སློབ་གྲྭ། ཧྲན་ཏུང་སློབ་ཆེན་བཅས་ཀྱི་ཆེད་མཁས་པ་གདན་ཞུ་བྱས་ཏེ། “རིག་གནས་མིང་གྲགས་ཞིང་ཆེན”འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་རིག་གནས་འཕེལ་རྒྱས་ཆེན་མོ་དང་དར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ཇུས་དམིགས་འབེན་ལ་གཞིགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་གསོ་སྦྱོང་པའི་ཆབ་སྲིད་དང་གཞུང་ལུགས་ཆུ་ཚད། ལག་ལེན་ནུས་པ་བཅས་མཐོར་འདེགས་སུ་གཏོང་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག