མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་ཧུར་བརྩོན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-18 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2014ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ནམ་ཡིན་ཡང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྲུན་བཟོ་འགོད་རྒྱུན་འཁྱོངས་བྱེད་པ་དེ་སྐྱེ་ཁམས་ཀྱིས་རྫོང་འཛུགས་སྐྲུན་བྱེད་པའི་འཕེལ་རྒྱས་ཐབས་ཇུས་ཀྱི་མཚོན་རྟགས་རང་བཞིན་གྱི་བཟོ་འགོད་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས། ཐུན་ཏེ་རྫོང་གིས་ཞིང་ཆེན་དང་ཁུལ་ཏང་ཨུའི་སྤྱིའི་བཀོད་སྒྲིག་དང་བླང་བྱར་གཞིགས་ཏེ། སོ་སོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་དངོས་བརྩོན་ལས་གཉེར་ལ་འབད་པ་བྱས་ཤིང་། འཕེལ་རྒྱས་བརྩོན་ལེན་བྱས་པས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐབས་གཉིས་པའི་བཟོ་འགོད་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་་ཁག་ཐེག་བྱས།

 གཅིག་ནི་ཐུན་ཏེ་རྫོང་གིས་རྫོང་མཁར་མཐའ་འཁོར་གྱི་ཆུ་བོའི་བཞུར་རྒྱུན་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་ལ་སྤྱིའི་མ་དངུལ་སྒོར་ཁྲི500བཏང་ནས་ས་ཆུ་ནུས་པ་ཤོར་བའི་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ13བཅོས་སྐྱོང་བྱས་ཤིང་། སྤྱི་ཆིང1300ལ་ཕྱུགས་བཀག་དང་ལུང་པ88བཅོས་སྐྱོང་བྱས་ཡོད། ལས་གཞི་འདི2014ལོའི་ཟླ6པའི་ཚེས10ལ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད། གཉིས་ནི་ཐུན་ཏེ་རྫོང་གིས་རི་བཀག་ནགས་གསོ་བཟོ་འགོད་ལ་སྤྱིའི་མ་དངུལ་སྒོར་ཁྲི140བཏང་ནས་ཐུན་ཏེ་རྫོང་གི་འཇང་ཆུང་ནགས་ར་དང་ཐང་སྐོར་གྲོང་རྡལ་དུ་རི་བཀག་ནགས་གསོ་བྱས་པ་མུའུ་ཁྲི2ལ་སླེབས་ཤིང་། ལས་གཞི་འདི་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། གསུམ་ནི་ཐུན་ཏེ་རྫོང་གིས་གནོད་ལྡན་སྐྱེ་དངོས་དང་རྩྭ་སའི་ཨ་བྲའི་གནོད་སྐྱོན་འགོག་པའི་བཟོ་འགོད་ལ་སྤྱིའི་མ་དངུལ་སྒོར་ཁྲི1150བཏང་ནས། རྐ་འབའ་སུམ་མདོ་གྲོང་རྡལ་དང་ཐང་སྐོར་གྲོང་རྡལ། རྨ་བྱང་ཤང་། ཞོལ་མ་ཤང་བཅས་སུ་གནོད་ལྡན་སྐྱེ་དངོས་དང་ཨ་བྲའི་གནོད་པ་འགོག་བཅོས་བྱས། ལས་གཞི་འདིའི་འགོག་བཅོས་རྒྱ་ཁྱོན་སྤྱི་ཆིང་ཁྲི15.33ལ་སླེབས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག