མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ནུས་ལྡན་བྱེད་ཐབས་སྤྱད་དེ་རྒྱ་ཆེའི་མང་ཚོགས་ལ་སྨན་བཅོས་ལམ་ལུགས་བཅོས་སྒྱུར་ཐད་ཀྱི་ཕན་འབྲས་ལོངས་སུ་སྤྱོད་དུ་བཅུག

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-18 10:17

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ་དང་པོ་ནས་ཟླ་དྲུག་པའི་བར། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ཉེན་ཚབ་ལམ་ལུགས་བརྟན་བརླིང་གི་འཁོར་སྐྱོད་འགན་སྲུང་བྱེད་པར་དམིགས་ཏེ། བྱེད་ཐབས་ནུས་ལྡན་སྤྱོད་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་ནས་བྱ་བ་སོ་སོའི་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ།

ད་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་མ་དངུལ་བསྡུ་བའི་ཚད་གཞི་དེ་སྔོན་ཆད་ཀྱི་རྨང་གཞིའི་སྟེང་གཅིག་གྱུར་སྒོས་སྒོར་བཞི་བཅུ་ཇེ་མཐོར་བཏང་ནས། གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ལོ་རེར་ཆ་སྙོམས་སྒོས་མ་དངུལ་བསྡུ་བའི་ཚད་གཞི་དེ་སྔོན་ཆད་ཀྱི་སྒོར་བཞི་བརྒྱ་དང་བདུན་ཅུ་ནས་སྒོར་ལྔ་བརྒྱ་བཅུ་ལ་ཇེ་མཐོར་གཏོང་རྒྱུ་རེད། དམངས་ཕན་སྲིད་ཇུས་དེ་མྱུར་དུ་ས་ཆ་ཀུན་ལ་དངོས་འབེབས་བཟང་བོ་བྱེད་ཆེད། འབྲེལ་ཡོད་ལས་ཁུངས་ཀྱིས་ཞིང་ཆེན་ནོར་སྲིད་ལ་གཞོགས་འདེགས་དང་མཐུན་སྦྱོར་བཟང་བོ་བྱས་ཏེ། མ་དངུལ་བསྡུ་བའི་ས་ཁུལ་སོ་སོར་ཉིས་སྟོང་བཅུ་བཞི་ལོའི་མཁར་གྲོང་སྡོད་དམངས་དང་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཉེན་ཚབ་ཀྱི་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་བཞི་བྱིན་པ་དང་། མིག་སྔར་མ་དངུལ་ཚང་མ་ས་ཆ་སོ་སོར་དངོས་འབེབས་བྱས་ཡོད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག