མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གུང་ཧོ་རྫོང་གིས་བརྟན་བརླིང་ངང་མཐོ་སྒང་གི་མཛེས་སྡུག་ཞིང་སྡེའི་འཛུགས་སྐྲུན་སྤེལ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-17 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གིས་མཐོ་སྒང་གི་མཛེས་སྡུག་ཞིང་སྡེའི་འཛུགས་སྐྲུན་དེ་སྐྱེ་ཁམས་དཔལ་ཡོན་ལ་སྐུལ་འདེད་དང་དམངས་འཚོ་ལེགས་བསྒྱུར་བྱེད་པའི་བྱེད་ཐབས་གཙོ་བོར་བརྩིས་པ་དང་། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གོ་སྐབས་སུ་བརྩིས་པ། ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱེད་པའི་ཉམས་མྱོང་རྒྱབ་རྟེན་དུ་བྱེད་པ། ཞིང་ར་མཛེས་ཞིང་ཞིང་སྡེ་མཛེས་ལ། འཚོ་བ་བཟང་བའི་ཞིང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དེ་ནང་དོན་གཙོ་བོར་བྱེད་པ་བཅས་བྱས་ནས། སྡེ་བའི་གནས་ཚུལ་དང་སྡེ་དམངས་ཀྱི་འདོད་བློ་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་སྟེང་། བྱེད་ཐབས་ལྔ་སྤྱད་དེ། མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་དགུ་འཛུགས་སྐྲུན་བྱེད་པའི་བྱ་བ་བརྟན་བརླིང་ངང་སྤེལ་བར་ཁག་ཐེག་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། གུང་ཧོ་རྫོང་གིས་རྫོང་ཏང་ཨུའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་སྲིད་གཞུང་གི་མགོ་ཁྲིད་ཀྱིས་འགན་ཁུར་གཙོ་བོ་ཁུར་བ། མཉམ་དུ་འཛུགས་སྐྲུན་བྱེད་པའི་ལས་ཁུངས་སོ་སོའི་འགན་འཁྲི་ལག་བསྟར་བྱེད་པའི་མགོ་ཁྲིད་ཚན་ཆུང་བཙུགས་ནས། རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དང་། འགན་འཁྲི་དང་ལས་བགོ་གསལ་བོ་བྱས་པ་དང་། འཛུགས་སྐྲུན་སྡེ་བའི་སོ་སོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། མང་ཚོགས་ཀྱི་འཐུས་མི་སོགས་རྩ་འཛུགས་བྱས་ཏེ་རིམ་པ་རེ་རེ་བཞིན་བཞུགས་མོལ་ཚོགས་འདུ་བསྡུས་ནས། དྲིལ་སྒྲོག་བྱེད་ཐབས་སྣ་མང་དང་གོ་སླ་བའི་སྒོ་ནས་རྒྱ་ཆེའི་གཞི་རིམ་ལས་བྱེད་པ་དང་འཛུགས་སྐྲུན་སྡེ་བའི་རོང་འབྲོག་མང་ཚོགས་ལ་བྱེད་ཐབས་སྲིད་ཇུས་དྲིལ་སྒྲོག་དང་འགྲེལ་བཤད་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐོ་སྒང་གི་མཛེས་སྡུག་ཞིང་སྡེ་འཛུགས་སྐྲུན་བྱེད་པའི་བརྩོན་སེམས་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་ལ་སྐུལ་སློང་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག