ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་སློབ་གསོ་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ན་ཆུང་བྱིས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ལོ་ཆུང་རུ་ཁག་ཁྲོད་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།
བརྡ་ཐོའི་ནང་བཀོད་དོན། རིམ་པ་སོ་སོའི་ན་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བའི་སློབ་སྦྱོང་དང་འགྲན་བསྡུར་བྱ་འགུལ་ཡོངས་ཁྱབ་ཏུ་སྤེལ་དགོས་པར་མ་ཟད། བྱེད་ཐབས་སྣ་ཚོགས་སྤྱད་དེ་དྲིལ་སྒྲོག་བྱ་བ་བཟང་བོར་སྒྲུབ་དགོས་ཟེར། །