མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག་ས་གནས་རང་བཞིན་གྱི་ཁྲིམས་ལྟར་ཐོག་མར་གཏན་ལ་ཕབ།

རྩོམ་པ་པོ། སྟོབས་ལྡན་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-17 10:37

ཀྲུང་གོ་བོད་ཀྱི་དྲ་བིའ་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག་སྟེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག་ཅེས་པ་དེ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བའི་གྲོས་ཚོགས་སྟེང་ཆོག་མཆན་ཐོབ་ནས་མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་ལག་བསྟར་བྱས།

སྲོལ་ཡིག་འདིའི་ནང་དུ་མངོན་གསལ་སྒོས་གཏན་འཁེལ་བྱས་པ་ལྟར་ན། མཚོ་བྱང་ཁུལ་དང་། རྫོང་མི་དམངས་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་འོས་འགན་འབུར་དུ་བཏོད་ནས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་རྒྱལ་དམངས་དཔལ་འབྱོར་དང་། སྤྱི་ཚོགས་དར་སྤེལ་གྱི་འཆར་འགོད་བྱ་བའི་ནང་བཞག་སྟེ། གོམ་གང་མདུན་སྤོས་སྒོས་མི་རིགས་མཐུན་སྒྲིལ་གྱི་བྱ་བའི་འཐུས་སྒོ་ཇེ་ཚང་དང་གསར་འཛུགས་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་འཚོ་བར་འགན་སྲུང་དང་འཐུས་ཚང་དུ་གཏོང་བ། ནུས་ཤུགས་ཡོད་དགུས་སྤྱི་ཚོགས་དབང་སྒྱུར་བཅོས་སྒྱུར་དང་། ཆོས་ལུགས་ལས་དོན་ཁྲིམས་ལྟར་དོ་དམ་བྱེད་པ། གྲངས་ཉུང་མི་རིགས་ཀྱི་རིག་གནས་གདན་རབས་ལ་སྲུང་སྐྱོབ་དང་དེར་ཤུགས་སྣོན་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལ་བཅོས་སྒྱུར་དང་སྲུང་སྐྱོབ་བྱེད་པ། ཐོན་ཁུངས་སྲུང་སྐྱོབ་བྱས་ནས་མང་ཚོགས་ཀྱིས་ཁྲིམས་མཐུན་སྒོས་ཁེ་ཕན་བདག་སྐྱོང་བྱེད་པ་སོགས་ནང་དོན་གཞིར་བཟུང་སྟེ། མི་རིགས་སོ་སོས་ཕན་ཚུན་གྱི་སྐད་དང་ཡི་གེར་སློབ་སྦྱོང་བྱས་ཏེ། རྒྱལ་ཁབ་ཀྱི་ལས་བྱེད་པ་དང་།ཆེད་ལས་སོ་སོའི་ལག་རྩལ་པ་གསོ་སྐྱོང་བྱས་ནས་སྐད་གཉིས་ཀྱི་ལས་བྱེད་པ་སྐྱེད་སྲིང་དང་།གྲངས་ཉུང་མི་རིགས་སྤྱི་དམངས་ཀྱི་དབང་ཆ་གཏན་འཁེལ་བྱས་ཡོད། མི་རིགས་སོ་སོར་ཁྲིམས་ལྟར་གཏན་འཁེལ་བྱས་ཡོད་པའི་ས་ཁུལ་གྱི་ཆབ་སྲིད། དཔལ་འབྱོར། རིག་གནས། སྤྱི་ཚོགས་ལས་འགན་སོགས་འདྲ་མཉམ་སྒོས་དོ་དམ་བྱེད་ཆོག་པའི་དབང་ཆ་ཡོད། མི་རིགས་སོ་སོས་ཕན་ཚུན་གྱི་ལོ་རྒྱུས་རིག་གནས་དང་། སྐད་དང་ཡི་གེ སྲོལ་རྒྱུན་དུས་ཆེན། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ལ་བརྩི་བཀུར་བྱེད་པ། སྤྱི་དམངས་ལ་ཆོས་ལུགས་དད་མོས་བྱེད་པའི་དབང་ཆ་དང་། སྤྱི་དམངས་ཀྱིས་ཁྲིམས་ལྟར་ཆོས་ལུགས་བྱ་འགུལ་སྤེལ་བའི་དབང་ཆ་ཡོད། རང་སྐྱོང་ཁུལ་གྱི་ས་གནས་ཀྱི་མགྲོན་ཁང་། ཟ་ཁང་། རླངས་འཁོར་འབབ་ཚུགས་སོགས་མི་མང་འདུ་སར་གྲངས་ཉུང་མི་རིགས་སོ་སོར་དམིགས་བསལ་གྱིས་ཞབས་ཞུ་སྒྲུབ་དགོས། མི་རིགས་མཐུན་སྒྲིལ་གྱི་བྱ་བར་སྐུལ་འདེད་དང་།མགོ་ཁྲིད་ཀྱིས་ལོ་འཁོར་གྱི་བྱ་བའི་དམིགས་འདུན་ཞིབ་བཤེར་ལག་བསྟར་བྱེད་དགོས། ལོ་རེའི་ཟླ་བརྒྱད་པའི་ནང་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་འགུལ་སྤེལ་ཏེ།གཟེངས་བསྟོད་ཀྱི་བྱ་དགའ་སྟེར་བའི་བྱ་འགུལ་ལག་བསྟར་བྱེད་པ། རང་སྐྱོང་ཁུལ་དང་། རྫོང་སོ་སོས་ལོ་ལྔ་དང་། ཞང་དང་གྲོང་རྡལ་སོ་སོས་ལོ་གསུམ་རེའི་རྗེས་ནས་མི་རིགས་མཐུན་སྒྲིལ་གྱི་ཚོགས་ཆེན་བསྡུས་ཏེ། མི་དམངས་སྲིད་གཞུང་སོ་སོས་མི་རིགས་མཐུན་སྒྲིལ་གྱི་བྱ་འགུལ་སྤེལ་ནས་སྔོན་ཐོན་ཐུན་མོང་དང་། སྔོན་ཐོན་མི་སྒེར། སྔོན་ཐོན་ལས་ཁུངས་བཅས་ལ་གཟེངས་བསྟོད་བྱ་དགའ་སྟེར་རྒྱུ་སོགས་གཏན་ལ་ཕབ།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག