མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

དཔའ་ལུང་རྫོང་གི་ཤང་གྲོང7ལ་སེར་བའི་གནོད་སྐྱོན་ཐེབས་པ།

  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-17 10:36

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས12ཉིན་གྱི་དུས་ཚོད17དང་སྐར་མ50ཡས་མས་སུ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཁོངས་སུ་སེར་བ་བབས་པ་དང་། འབབ་ཡུན་སྐར་མ20རིང་ལ་དཔའ་ལུང་རྫོང་གི་ཤང་གྲོང7ལ་སེར་བའི་གནོད་སྐྱོན་བཟོས།

ཐོག་མའི་བསྡོམས་རྩིས་བྱས་པ་ལྟར་ན། སེར་བའི་གནོད་སྐྱོན་ལས་བསྡོམས་པས་དཔའ་ལུང་རྫོང་གི་ཚ་ཕུག་དང་གཤོང་ཤན། ཚེ་མགུར། ཡར་ག སྟག་ལུང་། ཨ་སྔོན། ཆུ་དམར་བཅས་ཤང་གྲོང7གྱི་སྡེ་བ55དང་ཁྱིམ་ཚང9704། མི42890། ལོ་ཏོག་སྤྱི་ཆིང2368.06ལ་གནོད་སྐྱོན་ཐེབས་ནས་ཐད་ཀར་དུ་དཔལ་འབྱོར་གྱི་གྱོང་གུད་སྒོར་ཁྲི828བཟོས་ཤིང་། དེའི་ནང་ཞིང་ལས་དཔལ་འབྱོར་གྱི་གྱོང་གུད་སྒོར་ཁྲི711.5ལ་སླེབས་ཡོད། གནོད་སྐྱོན་ཐེབས་རྗེས་དཔའ་ལུང་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མཐོང་ཆེན་བྱས་ཏེ་དུས་ལྟར་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་གནོད་ཐེབས་ས་ཁུལ་དུ་གནོད་སྐྱོན་གནས་ཚུལ་ལ་ཞིབ་བཤེར་བྱས་པ་མ་ཟད། གནོད་ཐེབས་མང་ཚོགས་ཀྱིས་ཐོན་སྐྱེད་རང་སྐྱོབ་བྱེད་པར་སྐུལ་སློང་བྱས། མིག་སྔར་གནོད་སྐྱོན་གནས་ཚུལ་ལ་མུ་མཐུད་དུ་བརྟག་བཤེར་བྱེད་བཞིན་ཡོད།  །   

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག