མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་གྱིས་མ་དངུལ་སྒོར་དུང་ཕྱུར2.4བཏང་ནས་མཛེས་སྡུག་ཤང་གྲོང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-17 10:35

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱིས་འཆར་འགོད་མ་དངུལ་སྒོར་དུང་ཕྱུར2.4བཏང་ནས་གཙོ་བོ་མིན་ཧི་ཀོན་ཐིན་གྲོང་རྡལ་དང་ཧུའུ་ཀྲུའུ་འདན་མ་གྲོང་རྡལ2ཀྱི་མཛེས་སྡུག་གྲོང་རྡལ་གསར་འཛུགས་བྱས་ཤིང་། ལས་གཞིའི་འཆར་འགོད་སྤྱིའི་མ་དངུལ་སྒོར་དུང་ཕྱུར3.9དང་ལས་གཞི31ལག་བསྟར་བྱེད་རྒྱུ་རེད། མིག་སྔར་ཀོན་ཐིན་དང་འདན་མ་བཅས་མཛེས་སྡུག་གྲོང་རྡལ་གཉིས་ཀྱི་འཛུགས་སྐྲུན་འཆར་འགོད་དེ་སྒྲིག་བཟོ་བྱེད་བཞིན་ཡོད་པ་དང་། གྲོང་རྡལ་གྱི་ཁྱད་ལྡན་རྣམ་པ་གསར་འཛུགས་དང་གྲོང་རྡལ་ཁོར་ཡུག་ལེགས་བཅོས། སྲིད་དོན་གཞུང་ལམ། ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་དང་གད་སྙིགས་ཐག་གཅོད། བརྡ་འཕྲིན། སློབ་གསོ་སོགས་ཀྱི་བཟོ་འགོད་ལག་བསྟར་བྱེད་རྒྱུ་རེད།

ད་ལོའི་ཟླ་སྔོན་མ་ལྔའི་རིང་། མཚོ་ཤར་གྲོང་ཁྱེར་གྱིས་དངོས་ཡོད་ལ་རྐང་བཙུགས་ཏེ། དུས་ལྟར་ཞིབ་འཇུག་བྱས་ནས་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་སྣ་ཚོགས་ཐག་བཅད་པ་དང་། ཤུགས་ཆེན་པོས་མཛེས་སྡུག་གྲོང་རྡལ་འཛུགས་སྐྲུན་བྱ་བར་སྐུལ་འདེད་བཏང་།

འཆར་འགོད་ཀྱིས་སྣེ་ཁྲིད་དང་མ་དངུལ་དངོས་འབེབས་བྱས་ཏེ་སྐུལ་འདེད་ཇེ་མགྱོགས་སུ་བཏང་སྟེ། ཧུར་བརྩོན་གྱིས་ཀོན་ཐིན་གྲོང་རྡལ་ལ་ལ་ཅ་རིག་གནས་དང་རྨ་ཆུའི་སྐྱེ་ཁམས། ཧོར་རིགས་ཡུལ་སྲོལ་བཅས་གཙོ་བྱས་པའི་གནས་སྐོར་སྤྲོ་འཆམ་རྟེན་གཞི་དང་གནས་སྐོར་ས་ཚིགས་གཙོ་བོ། མིན་ཧི་རྫོང་གི་ལྟེ་གནས་གཉིས་པ། རྫོང་ཁོངས་ལྷོ་རྒྱུད་ཀྱི་ཉོ་ཚོང་ལྟེ་གནས། འཚོ་སྡོད་དང་ལས་ཞུགས། གནས་སྐོར་བཅས་མཉམ་འདུས་ཀྱི་གྲོང་རྡལ་ཞིག་ཏུ་གསར་འཛུགས་བྱེད་པ་དང་། འདན་མ་གྲོང་རྡལ་དེ་དེང་རབས་ཞིང་ལས་དང་གནས་སྐོར་ལས་རིགས་གཙོ་བོར་འཛིན་པ་དང་། ཞིང་ལས། ཞབས་ཞུ་ལས་རིགས་གཉིས་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་མཐོ་སྒང་གི་ཧོར་རིགས་རིག་གནས་གྲོང་རྡལ་ཆེན་མོ་ཞིག་ཏུ་གསར་འཛུགས་བྱེད་རྒྱུ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག