མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མ་དངུལ་སྒོར་དུང་ཕྱུར2.64བཏང་བའི“ཁང་གསུམ”རིག་གནས་འཛུགས་སྐྲུན་ལས་གཞིའི་དུས་སྐབས་སྔོན་མའི་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  2014-07-16 10:46

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། སྤྱིའི་བཟོ་སྐྲུན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ33000དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར2.64བཏང་བའི་ཞིང་ཆེན་དཔེ་མཛོད་ཁང(དུས་སྐབས་གཉིས་པ)དང་ཞིང་ཆེན་རིག་གནས་ཁང་། ཞིང་ཆེན་མཛེས་རྩལ་ཁང་བཅས“ཁང་གསུམ”འཛུགས་སྐྲུན་ལས་གཞི་དེ་མིག་སྔའི་བར་དུ་དུས་སྐབས་སྔོན་མའི་བྱ་བ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱས་ཡོད།

“ཁང་གསུམ”འཛུགས་སྐྲུན་ལས་གཞི་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལྔ་བཅུ་གཉིས་པའི་དུས་སྐབས་སུ་ལག་བསྟར་བྱས་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་གཙོ་གནད་རིག་གནས་རྨང་གཞི་སྒྲིག་ཆས་ལས་གཞི་ཞིག་ཡིན། ལས་གཞི་དེ་ཟི་ལིང་གྲོང་ཁྱེར་གྱི་ཞིན་ཉིན་ཐང་ཆེན་ལྷོ་ཕྱོགས་སུ་ཡོད་པ་དང་། ཞིང་ཆེན་དཔེ་མཛོད་ཁང་གི་སྐབས་དང་པོའི་བཟོ་བཀོད་བསྒྱུར་བཅོས་དང་སོར་ཉར་བྱས་ཏེ། ཞིང་ཆེན་དཔེ་མཛོད་ཁང་གི་སྐབས་གཉིས་པ་དང་ཞིང་ཆེན་རིག་གནས་ཁང་། ཞིང་ཆེན་མཛེས་རྩལ་ཁང་བཅས་གསར་འཛུགས་བྱེད་རྒྱུ་དང་། “ཁང་གསུམ”འཛུགས་སྐྲུན་ལས་གཞི་དེ་འཆར་གཞི་ལྟར་ན2015ལོའི་ཟླ9བར་འཛུགས་སྐྲུན་ལེགས་འགྲུབ་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག