ཟླ་བདུན་པ་ནི་མཚོ་སྔོན་པོ་ལོ་ཧྲིལ་བོའི་ནང་ཆེས་མཛེས་པའི་དུས་སྐབས་ཡིན།
མཚོ་འགྲམ་དུ་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་པས་ཁེངས་ཡོད།
མཚོ་འགྲམ་དུ་གནས་སྐོར་པ་རྟར་ཞོན་བཞིན་པ།
མཛེས་སྡུག་ལྡན་པའི་མཚོ་སྔོན་པོ།
སྔོ་ལྗང་གི་མཚོ་འགྲམ་དུ་གསེར་མདོག་གི་ལོག་དཀར་མེ་ཏོག་བཞད་ཡོད་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་རེའི་ཟླ་བདུན་པ་ནི་མཚོ་སྔོན་པོ་ལོ་ཧྲིལ་བོའི་ནང་ཆེས་མཛེས་པའི་དུས་སྐབས་ཡིན་ལ། གནས་སྐོར་པ་ཆེས་མང་བའི་དུས་ཚིགས་ཀྱང་ཡིན། གསེར་མདོག་གི་ལོག་དཀར་མེ་ཏོག་གི་རྒྱ་མཚོ་དང་མཐའ་མི་མངོན་པའི་སྔོ་ལྗང་གི་མཚེའུ། མཚོ་འགྲམ་གྱི་བྱེ་གླིང་དང་རྩྭ་ཐང་། ཕུན་སུམ་ཚོགས་པའི་ས་གཤིས་ཁྱད་ཆོས་བཅས་ཀྱིས་ཕྱོགས་ཡོངས་ཀྱི་གནས་སྐོར་པ་མང་པོ་ཚུར་བཀུགས་ཡོད།
མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་ནུབ་བྱང་ཁུལ་གྱི་མཚོ་སྔོན་པོ་གཤོང་སར་ཆགས་ཡོད་པ་དང་། ཀྲུང་གོའི་ཆེས་ཆེ་བའི་སྐམ་སའི་མཚེའུ་ཡིན་ལ། ཀྲུང་གོའི་ཆེས་མཛེས་པའི་ཚྭ་མེད་མཚེའུ་ཡང་ཡིན་པས། ཀྲུང་གོ་རྒྱལ་ཁབ་ས་ཁམས་དུས་དེབ་ཀྱིས་ཀྲུང་གོའི་ཆེས་མཛེས་པའི་མཚེའུ་ཆེན་མོ་ལྔའི་ནང་གི་གཙོ་བོར་འདེམས་ཡོད། །