མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་གནས་བབ་གསར་བའི་འོག་གི་ཞིང་བ་ཞོར་ལས་པའི་བྱ་བ་བཟང་བོར་བསྒྲུབས།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-16 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་གྱིས«གནས་བབ་གསར་བའི་འོག་གི་ཞིང་བ་ཞོར་ལས་པའི་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར»པར་སྐྲུན་འགྲེམ་སྤེལ་བྱས་ནས། ཕྱོགས་བདུན་གྱི་ཐད་ནས་གནས་བབ་གསར་བའི་འོག་གི་ཞིང་བ་ཞོར་ལས་པའི་བྱ་བ་སྔར་ལས་བཟང་བོ་བསྒྲུབ་སྟེ། ཞིང་བ་ཞོར་ལས་པ་གྲོང་ཁྱེར་གྱི་སྡོད་དམངས་སུ་བསྒྱུར་བར་སྐུལ་འདེད་དང་། མི་གྲངས་གྲོང་གསེབ་ཅན་དུ་བསྒྱུར་བའི་ཆུ་ཚད་མཐོར་འདེགས། ཞིང་པ་ཞོར་ལས་པའི་བྱ་བ་དང་འཚོ་བ། རིག་གནས་སོགས་ཐད་ནས་གྲོང་ཁྱེར་དང་འདྲེས་པར་བྱེད་པ་མ་ཟད། གནས་བབ་གསར་བའི་འོག་གི་ཞིང་བ་ཞོར་ལས་པའི་མདུན་དུ་ལྷགས་པའི་ལས་ཞུགས་གཏན་འཇགས་མིན་པ་དང་། གྲོང་ཁྱེར་དང་འདྲེས་དཀའ་བ། ཁེ་དབང་སྲུང་སྐྱོབ་བྱེད་དཀའ་བ་སོགས་ཀྱི་འབུར་ཐོན་གནད་དོན་ཐད་ནས་སྲིད་ཇུས་བྱེད་ཐབས་གསར་བ་བཏོན་ནས། མུ་མཐུད་ནས་ཞིང་བ་ཞོར་ལས་པའི་འཚོ་བའི་ཆུ་ཚད་ཇེ་མཐོར་བཏང་།

གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། «བསམ་འཆར»གྱི་ནང་དོན་གཙོ་བོ་ཁག་བདུན་དུ་དབྱེ་ཡོད་པ་དང་། དེ་སོ་སོར་གསོ་སྦྱོང་བྱ་བར་ཤུགས་སྣོན་པ་དང་། ལས་ལམ་གསར་འབྱེད་བྱ་བར་རྒྱབ་སྐྱོར་བྱེད་པ། ལས་ཞུགས་ལ་སྐུལ་འདེད་བྱེད་པ། དཀའ་ཁག་ཆེ་བའི་མང་ཚོགས་ལས་ཞུགས་བྱེད་པར་རོགས་བྱེད་པ། ཞིང་བ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཞིང་བ་ཞོར་ལས་པ་གྲོང་ཁྱེར་གྱི་སྡོད་དམངས་སུ་བསྒྱུར་བར་སྐུལ་སློང་དང་བྱ་བའི་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་བཅས་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག