མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བཏང་ནས་ཤར་རྒྱུད་གྲོང་ཁྱེར་ཚོགས་ཀྱི་སློབ་གསོ་གོང་འཕེལ་དུ་གཏོང་རྒྱུ་རེད།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-16 10:45

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་ཡོངས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཟི་ལིང་གྲོང་ཁྱེར་གཙོར་བྱས་པའི་ཤར་རྒྱུད་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་ཆེན་པོ་ལག་ལེན་མཐར་ཕྱིན་བྱེད་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་ཧ་ཅང་མཐོང་ཆེན་བྱས་ཏེ། ཤར་རྒྱུད་གྲོང་ཁྱེར་ཚོགས་འཛུགས་སྐྲུན་གྱི་སྤྱི་ཁོག་གི་རེ་བ་དང་འཐབ་ཇུས་ལས་འགན། བྱེད་ཐབས་གཙོ་བོ་བཅས་དང་དམ་དུ་དམིགས་ནས། ཧུར་ཐག་གིས་འཛུགས་སྐྲུན་མ་དངུལ་གསོག་གྲབས་བྱས་མཐར། ད་ལོར་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་བཏང་ནས། ཤར་རྒྱུད་གྲོང་ཁྱེར་ཚོགས་ཀྱི་སློབ་གསོའི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་སྔར་ལས་ཇེ་ལེགས་དང་སློབ་གསོའི་སྤྱི་བའི་ཞབས་ཞུའི་མ་ལག་ཇེ་བཟང་དུ་གཏོང་རྒྱུ་ཐག་བཅད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མ་དངུལ་དེ་དག་བཏང་ནས་གཙོ་བོར་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་ཁུལ་གསར་བ་དང་། སློབ་གྲྭ་འབྲིང་ཆུང་ཚད་ལྡན་ཅན་དུ་བསྒྱུར་བ། མཐོ་རིམ་སློབ་གྲྭའི་རྨང་གཞི་སྒྲིག་ཆས། དགེ་རྒན་ཚོའི་གནས་སྐབས་ཀྱི་ཉལ་ཁང་། དམའ་འབྲིང་གི་ཉལ་ཁང་བསྒྱུར་བཀོད་བཟོ་སྐྲུན། སློབ་སྔོན་སློབ་གསོར་སྐུལ་འདེད་བྱེད་པའི་བཟོ་སྐྲུན། མི་རིགས་ས་ཁུལ་གྱི་ཉམས་ཞན་མཐོ་འབྲིང་། འབྲིང་རིམ་ལས་རིགས་སློབ་གྲྭ དམིགས་བསལ་སློབ་གསོ་སློབ་གྲྭ མཚོ་ཤར་ལྟེ་གནས་ཁུལ་གྱི་སློབ་གྲྭ་བཅས་བསྡོམས་པས་ལས་གཞི་བདུན་ཅུ་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ལས་གཞི་སྤྱིའི་འཛུགས་སྐྲུན་གཞི་ཁྱོན་རྨིས་གྲུ་བཞི་མ་འབུམ་བཞི་དང་ཁྲི་བཞི་སྟོང་ལྔ་ཡོད་ཟེར།

ཉེ་སྔོན། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་བཏང་ཟིན་པ་དང་། ལས་གཞི་དེ་དག་ལག་བསྟར་བྱས་རྗེས། ཤར་རྒྱུད་གྲོང་ཁྱེར་ཚོགས་ཀྱི་སློབ་གསོ་སྤྱི་བའི་ཞབས་ཞུའི་ཆ་སྙོམས་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་ནས། མི་དམངས་མང་ཚོགས་ཀྱི་སློབ་གསོ་སྤྱི་བའི་ཞབས་ཞུ་ཐད་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ཤར་རྒྱུད་གྲོང་ཁྱེར་ཚོགས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་རྩོལ་ནུས་སྔར་ལས་མཐོར་འདེགས་དང་། ཐེག་འཁུར་ནུས་པ་མཐོར་འདེགས་བྱས་ཏེ། མི་སྡོད་ལས་ཞུགས་དང་འཚམ་པའི་ཤར་རྒྱུད་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག