ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བཟོ་ཚོང་ཅུའུ་ཡིས་རྫོང་སོ་སོའི་བཟོ་ཚོང་ཅུའུ་རྩ་འཛུགས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཚོང་རའི་ནང་ཁུལ་དུ་“མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་བསྟར་དང་།གཅིག་བསྡུས་སྲུང་སྐྱོབ་དར་སྤེལ”གྱི་ཆེད་དོན་བྱ་འགུལ་སྤེལ་ཏེ། དམངས་འཚོའི་ཚོང་རའི་ཕན་འབྲས་ལ་ལྟ་སྐུལ་དང་དོ་དམ་ཁག་ཐེག་བྱས།
ཆེད་དོན་བྱ་འགུལ་སྤེལ་བའི་སྐབས་སུ། འཛད་སྤྱོད་པའི་ཁེ་དབང་བཙན་འཕྲོག་དང་། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་རྣམ་འགྱུར་མི་བཟང་བ་སོགས་དངོས་ཡོད་ཀྱི་གནད་དོན་ཐག་གིས་གཅོད་ཆེད། མཚོ་ཤར་གྲོང་ཁྱེར་བཟོ་ཚོང་ཁོངས་གཏོགས་ཀྱིས་གཅིག་བསྡུས་སྒོས་འཛུགས་སྐྲུན་རྒྱུ་ཆ་དང་། ཁྱིམ་སྤྱོད་གློག་ཆས། གྱོན་ཆས། བྱིས་པའི་མཁོ་རྫས། རླངས་འཁོར་དང་རླངས་འཁོར་གྱི་ཅ་ལག རླངས་འཁོར་ཞིག་གསོ་སོགས་ཀྱི་ལས་རིགས་ཀྱི་མགོ་གཡོག་མགོ་སྐོར་དང་། ཚོང་རྫས་རྫུན་མ། བཙན་བདག་དོན་ཚན་སོགས་ཀྱི་རྣམ་པ་མེད་པར་བཟོས་ཏེ། རྒྱུ་འབྲས་དང་དྲང་བཞག འདྲ་མཉམ་གཉིས་ཕན་གྱི་སྒོ་ནས་འཛད་སྤྱོད་པར་ཚོང་རའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ནས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་ཀྱི་ནུས་པ་མཐོར་འདེགས་དང་།ཚོང་རའི་མགོ་གཡོག་མགོ་སྐོར་གྱི་ཁྲིམས་འགལ་གྱི་གནད་དོན་མེད་པར་བཟོས་ཏེ། མཚོ་ཤར་ཚོང་རའི་སྒྲིག་གཞི་ཆ་ཇེ་ཚང་དུ་བཏང་ནས་འཛད་སྤྱོད་པའི་ཁེ་དབང་ལ་སྲུང་སྐྱོབ་དང་ཕན་འབྲས་མངོན་གསལ་ཐོབ། །