མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོབ་ཀྱི“བདེ་འཇགས་དྲ་བ”བརྟན་པོ་བཙུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  2014-07-15 10:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་ནོར་དཔལ་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ“སྐྱབས་འཇུག་ཞུ་ཡུལ་ཡོད་པ་དང་དུས་ཐོག་ཏུ་རོགས་སྐྱོབ་ཐོབ་པའི”དགོས་མཁོ་ནུས་ཤུགས་ཡོད་རྒུས་བསྐང་དགོས་པའི་བླང་བྱ་གཞིར་བཟུང་ནོར་སྲིད་ཀྱི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ་ཕྱོགས་9ཡི་ཐད་ནས་སྤྱི་ཚོགས་རོགས་སྐྱོབ་ལས་དོན་སྤེལ་ནས་དཀའ་ངལ་ཡོད་པའི་མང་ཚོགས་བཀྲེས་ལྟོགས་ཀྱི་གནས་ལ་མི་གྱར་བ་དང་།ནད་ཆེན་གྱི་དཀའ་ངལ་མི་འཕྲད་པ།ལས་ཤོར་གྱི་སེམས་ཁྲལ་མེད་པ།གནོད་འཚེ་མི་ཕོག་པ་བཅས་བྱ་རྒྱུ་འགན་ལེན་བྱས་ཐོག་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་པའི“བདེ་འཇགས་དྲ་བ”བརྟན་པོ་ཞིག་བཙུགས་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཤིང་།མ་དངུལ་སྒོར་དུང་ཕྱུར་7.27བཏང་ནས་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ཁྲི་63ལ་མ་མཐའི་འཚོ་བ་འགན་ལེན་གྱི་མ་དངུལ་དུས་ཐོག་ཏུ་སྤྲད་པ་དང་།མ་མཐའི་འཚོ་བ་འགན་ལེན་བྱེད་ཡུལ་གྱི་འགུལ་རྣམ་དོ་དམ་སྔར་བས་ཤུགས་ཆེར་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་ཁྱིམ་ཚང་གི་དཔལ་འབྱོར་གནས་ཚུལ་ཞིབ་བསྡུར་ལམ་སྲོལ་གྱི་སྟེགས་བུ་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཞིང་ཆེན་དང་།གྲོང་ཁྱེར(ཀྲོའུ)རྫོང་བཅས་རིམ་གསུམ་གྱི་ཞིབ་བསྡུར་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་དུས་མཚུངས་མ་མཐའི་འཚོ་བ་འགན་ལེན་གྱི་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་རྩད་གཅོད་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ཏེ“འབྲེལ་བ”དང“ངོ་སོ” “རེས་མོས”སོགས་ཀྱི་སྣང་ཚུལ་ཐོན་རྒྱུ་མཐའ་གཅིག་ཏུ་བཀག་འགོག་བྱས་ཐོག་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་ཐུབ་པ་ཏན་ཏིག་བྱས་པ།སྤྱི་ཚོགས་རོགས་སྐྱོབ་དང་འགན་ལེན་ཚད་གཞི་དེ་ཟོག་གོང་འཕར་བ་དང་འབྲེལ་བ་བྱེད་པའི་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་བ་དང་འབྲེལ་ཟོག་གོང་འཕར་བའི་གནས་ཚུལ་ལ་གཞིགས་ནས་གནས་སྐབས་ཀྱི་ཟོག་གོང་ཁ་གསབ་སྲིད་ཇུས་དང་དུས་ཐོག་ཏུ་ལག་བསྟར་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཚད་གཞི་ལེགས་སྒྲིག་དང་གོང་མཐོར་བཏང་བ་བཅས་རེད།

དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་བསྙེན་བཀུར་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཤིང་།གྲོང་ཁྱེར(ཀྲོའུ)དང་རྫོང་ནོར་སྲིད་ཀྱིས་ས་ཆ་དེ་གའི་ལོ་གོང་མའི་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་གི་བསྡུར་ཚད་ངེས་ཅན་གཞིར་བཟུང་འགན་ལེན་ལྔའི་བསྙེན་བཀུར་བྱེད་ཡུལ་མི་ཚོགས་ཀྱི་གཞི་རྩའི་འཚོ་བའི་ཁ་གསབ་རོགས་སྐྱོར་མ་དངུལ་སྤྲད་པ་དང་འབྲེལ་རང་ཤུགས་སུ་འཕར་བའི་ལམ་སྲོལ་བཟོས་ཏེ་ཞིང་ཆེན་དེ་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་འགན་ལེན་ལྔའི་བསྙེན་བཀུར་བྱེད་ཡུལ་གྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་འགྲོ་རྒྱུ་འགན་ལེན་བྱས་པ་རེད།

གནོད་འཚེ་ཕོག་མཁན་གྱི་རོགས་སྐྱོབ་ལས་དོན་དུས་ཐོག་ཏུ་ཡག་པོ་བསྒྲུབས་ཤིང་།གློ་བུར་དུ་ཐོན་པའི་རང་བྱུང་གི་གནོད་འཚེ་འགངས་ཆེན་ལ་ཛ་དྲག་ངང་མྱུར་སྐྱོབ་བྱེད་པའི་མ་ལག་དང་འཁོར་རྒྱུག་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཞིང་འབྲོག་པའི་སྡོད་ཁང་གི་གནོད་འཚེ་འགན་བཅོལ་ལམ་ལུགས་མགྱོགས་མྱུར་ངང་ཞིབ་འཇུག་བྱས་ཏེ་བཟོས་ཐོག་གེགས་ཁུལ་མང་ཚོགས་ལ་རྒྱུ་ནོར་གྱི་གྱོང་གུན་ཕོག་རྒྱུ་ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་དམའ་རུ་བཏང་བ།དགུན་དཔྱིད་ཀྱི་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར་1.7སྤྲད་དེ་གེགས་ཁུལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག་བྱེད་པ་དང་ཁོང་ཚོའི་བསྐྱར་མའི་ཐོན་སྐྱེད་རགས་ཙམ་སླར་གསོ་དང་གེགས་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་པ་རེད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཤིང་།མ་དངུལ་སྒོར་དུང་ཕྱུར་1.8བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་སྨན་བཅོས་རོགས་སྐྱོབ་བྱས་ཏེ་ཁོང་ཚོའི་ནད་ཕོག་པའི་རྐྱེན་གྱིས་དབུལ་པོར་གྱུར་བའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད།དུས་མཚུངས་ཡུལ་གྱར་སློང་མོ་བ་དང་དེ་བཞིན་ཐོབ་ཐང་གསལ་པོ་མེད་པའི་ཉེན་ཆེའི་ནད་པར་སྨན་བཅོས་སྐྱོབ་རོགས་བྱས་ཏེ་མི་ཚོགས་དེ་དག་ལ་བཅངས་པའི་ཏང་དང་སྲིད་གཞུང་གི་ཐུགས་ཁུར་གང་ལེགས་མཚོན་པར་བྱས་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག