ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞང་ཀང་ཡན་ཨེ་ཐེབས་རྩ་ཚོགས་པ་དང་མཚོ་སྔོན་ཞིང་ཆེན་དཔའ་ལུང་ཧེ་རིགས་རང་སྐྱོང་རྫོང་སྲིད་གཞུང་གིས་ཚེ་མགུར་ཁུལ་གསར་སློབ་ཆུང་ནས་གན་རྒྱ་འཇོག་པའི་མཛད་སྒོ་བསྡུས་པ་དང་། ཐེབས་རྩ་ཚོགས་པས་ཞལ་འདེབས་མ་དངུལ་སྒོར་ཁྲི1000ཕུལ་ནས་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་གསར་འཛུགས་བྱེད་རྒྱུ་རེད།
རྒྱུས་ལོན་པ་ལྟར་ན། ཞང་ཀང་ཡན་ཨེ་ཐེབས་རྩ་ཚོས་པས་ཡུལ་དངོས་བརྟག་ཞིབ་བྱས་པ་མ་ཟད། དཔའ་ལུང་རྫོང་སྲིད་གཞུང་ལ་འབྲེལ་མཐུད་གྲོས་མོལ་བྱས་ཏེ་ཞལ་འདེབས་སྒོར་ཁྲི1000ཕུལ་ཏེ་ཚེ་མགུར་ཁུལ་གསར་ནས་བཅའ་སྡོད་ལམ་ལུགས་ཀྱི་ཚོད་ལྟའི་སློབ་གྲྭ་ཞིག་གསར་འཛུགས་བྱེད་རྒྱུ་ཐག་བཅད་པ་དང་། སློབ་གྲྭའི་མིང་ལ་དཔའ་ལུང་རྫོང་སི་ཡོན་ཚོད་ལྟའི་སློབ་གྲྭ་ཞེས་བཏགས་པ་དང་། དཔའ་ལུང་རྫོང་སློབ་གསོ་ཅུའུ་ཡི་ཐད་གཏོགས་གཞུང་བཙུགས་བཅའ་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་པ་དང་། སློབ་གྲྭར་བསྡོམས་པས་ལོ་རིམ་དྲུག་དང་སློབ་མ1500ཡིས་སློབ་སྦྱོང་བྱས་ཆོག སློབ་མའི་ཡོང་ཁུངས་གཙོ་བོ་ནི་དཔའ་ལུང་རྫོང་མཐའ་ཁུལ་གྱི་དཔལ་འབྱོར་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་ཡིན་པས། འདིས་ཁྱིམ་ཚང་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མར་སྤུས་ཚད་ལེགས་པའི་སློབ་གསོ་རོལ་མྱོང་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པ་དང་། འཆར་གཞི་ལྟར་ན་སློབ་གྲྭ་དེ2015ལོའི་ཟླ9བར་བེད་སྤྱོད་བྱེད་རྒྱུ་རེད། །